ཨ་རིའི་གྲོས་ཚོགས་གོང་མས་རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་བསྐོ་བཞག་གཏན་འབེབས་གནང་འདུག

2021.12.17
ཨ་རིའི་གྲོས་ཚོགས་གོང་མས་རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་བསྐོ་བཞག་གཏན་འབེབས་གནང་འདུག ཨ་རིའི་གྲོས་ཚོགས་གོང་མས་སྐུ་ཞབས་Nicholas Burns རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་གཏན་འབེབས་གནང་འདུག
ཨེ་ཨེཕ་པི།

ཨ་རིའི་གྲོས་ཚོགས་གོང་མས་སྐུ་ཞབས་Nicholas Burns རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་གཏན་འབེབས་གནང་འདུག
སྐུ་ཞབས་Nicholas Burns ཁོང་ནི་ཨ་རིའི་ཧཱར་ཝཱརྜ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་དང་དེ་སྔོན་NATo ཞེས་པའི་བྱང་ཨ་ཀྲི་ལན་ཊི་ཆིང་དོན་སྒྲིག་འཛུགས་ནང་ཨ་རིའི་སྐུ་ཚབ་གནང་མྱོང་འདུག ཁོང་ལ་ཨ་རིའི་གྲོས་ཚོགས་ནང་ཉན་ཞིབ་སྐབས་སུ་ཁོང་གིས་རྒྱ་ནག་དེ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ཨ་རིའི་བདེ་འཇགས་དང་དམངས་གཙོ་ལམ་ལུགས་ལ་ཉེན་ཁ་ཆེ་ཤོས་དེ་རེད་ཅེས་བརྗོད་འདུག ཡང་ཨ་རི་དང་བསྡུར་ན་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ལ་བརྟེན་ནས་རྒྱ་ནག་དེ་ཙམ་གྱིས་སྟོབས་ཤུགས་ཆེན་པོ་མ་རེད་ཅེས་ཀྱང་བརྗོད་ཡོད་འདུག
ཨ་རིའི་སྲིད་འཛིན་Biden མཆོག་ནས་དེ་སྔོན་ཕྱི་ཟླ་༨པའི་ནང་ སྐུ་ཞབས་Nicholas Burns རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་གནང་རྒྱུའི་མཚན་འདོན་གནང་ཡོད་པ་དང་། སྐབས་དེར་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཕྱོགས་ནས་ཁོང་མཚན་འདོན་གནང་པར་དགའ་བསུའི་བསྔགས་བརྗོད་ཐོབ་ཡོད་པ་རེད།
འོན་ཀྱང་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་Marco Rubio མཆོག་གིས། རྒྱ་ནག་གཞུང་ནས་ཤར་ཏུར་གི་སི་ཐན་ཁུལ་དུ་ཡུ་གུར་གཙོ་བོར་གྱུར་བའི་ཁ་ཆེ་མི་རིགས་ཐོག་སྡུག་རྩུབ་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་གནད་དོན་གྱི་རྐྱེན་པས་གཞུང་ཚབ་བསྐོ་བཞག་གི་ཉན་ཞིབ་ལ་འགོག་རྐྱེན་བཟོས་ནས་ཕར་འགྱང་གནང་དགོས་བྱུང་འདུག རེས་གཟའ་ཕུར་བུའི་ཉིན་ཨ་རིའི་གྲོས་ཚོགས་གོང་མས་ཤར་ཏུར་ཀི་སི་ཐན་ནང་བཙན་ཤེད་ཀྱི་ངལ་རྩོལ་ཐོག་ནས་བཅའ་དངོས་རིགས་ཨ་རིར་ནང་འདྲེན་བཀག་སྡོམ་གནང་རྒྱུའི་གྲོས་ཆོད་གཏན་འབེབས་བྱུང་བར་བརྟེན། གྲོ ས་ཚོགས་ཀྱི་འཐུས་མི་Marco Rubio མཆོག་གི་གཞུང་ཚབ་བསྐོ་བཞག་གི་ཉན་ཞིབ་ལ་འགོག་རྐྱེན་ཕྱིར་འཐེན་གནང་འདུག་ལ་གྲོས་ཚོགས་གོང་མའི་འོས་འཕེན་སྐབས་འཐུས་མི་༧༥་ཡིས་རྒྱབ་སྐྱོར་དང་། འཐུས་མི༡༨ཀྱིས་མོས་མཐུན་མེད་པའི་ཐོག་ སྐུ་ཞབསNocholas Burn རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་གཏན་འཁེལ་བྱུང་འདུག དེ་ནི་འདས་པའི་ཟླ་བ་༡༤རིང་གྲོས་ཚོགས་གོང་མའི་ཐོག་ནས་ རྒྱ་ནག་ཏུ་ཨ་རིའི་གཞུང་ཚབ་བསྐོ་བཞག་གནང་པ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག
གནས་ཚུལ་ནང་གསལ་ལྟར་ན་སྐུ་ཞབསNicholas Burn ནི་ ལོ་མང་རིང་ཕྱི་འབྲེལ་གྱི་ལས་དོན་ཐད་ཤེས་འཇོན་གཉིས་ལྡན་དང་རྒྱུས་མངའ་གཏིང་ཟབ་ཡོད་མཁན་ཞིག་ཡིན་འདུག་ལ་འདས་པའི་ལོ་ཤས་ནས་བཟུང་ རྒྱ་ནག་དང་ཨ་རི་དབར་གྱི་འབྲེལ་ལམ་ཉམས་ཉེས་སུ་འགྲོ་བཞིན་པའི་སྐབས་འདིར་ཁོང་གིས་གཞུང་ཚབ་ཆེན་མོའི་འགན་འཁུར་བཞེས་པའི་ལས་དུས་དེ་གནད་འགག་ཤིན་ཏུ་ཆེ་བའི་དུས་སུ་འཁེལ་ཡོད་པ་གསལ་འདུག།

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎