རེབ་གོང་དུ་དེ་རིང་སླར་ཡང་རང་སྲེག
2012.11.22
༄༅། །འདི་ག་རླུང་འཕྲིན་ཁང་ལ་བོད་ནང་ནས་གནས་ཚུལ་འབྱོར་གསལ་ལྟར་ན། དེ་རིང་ཕྱི་ཚེས་༢༢ཉིན་གྱི་བོད་ནང་གི་དགོང་འདྲོ་ཆུ་ཚོད་༤དང་ཕྱེད་ཀ་ཡས་མས་ཤིག་ལ། བོད་མདོ་སྨད་རེབ་གོང་མདོ་བ་ཞང་གི་སྲང་ལམ་དུ་མགྲོན་གཡོ་ལག་སྡེ་བའི་ན་གཞོན་ ཀླུ་འབུམ་ལགས་ཞུ་བ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་ནས་འདས་གྲོངས་ཕྱིན་འདུག ས་གནས་མི་དམངས་ཀྱིས་ཁོང་གི་སྐུ་ཕུང་རྒྱ་མིའི་ལག་པར་ཤོར་དུ་མ་བཅུགས་པར་སྡེ་བར་ཁྱེར་ནས་བསྔོ་སྨོན་གནང་བཞིན་པའི་སྐབས་བོད་ནས་གནས་ཚུལ་དེ་འབྱོར་སོང༌། དྲ་རྒྱའི་ཐོག་དམ་བསྒྲགས་ཆེ་དྲག་པའི་རྐྱེན་གྱིས་ཀླུ་འབུམ་ལགས་རང་ལོ་༡༨ཡིན་པ་དང༌། ཁོང་གི་པ་ལགས་ཀྱི་མཚན་ལ་ཚེ་ཁོ་ཞུ་གི་ཡོད་པ་ཙམ་ལས། གནས་ཚུལ་ཞིབ་ཕྲ་བརྒྱུད་ལོན་ཐུབ་མ་སོང་།།