རྒྱལ་ཚོགས་ནས་མེར་སྲེག་ལས་འགུལ་ལ་ཐུགས་འཚབ།

བོད་ནང་གི་བོད་མི་ཚོའི་སྨྲ་བརྗོད་རང་དབང༌སོགས་ལ་བརྩི་བཀུར་ཞུ་དགོས་པ་དང༌། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་འཛིན་བཟུང་བྱས་པ་རྣམས་གློད་བཀྲོལ་གཏོང་དགོས་གསུངས།

2012.11.02

༄༅།    །དེ་རིང་ཕྱི་ཟླ་༡༡ཚེས་༢ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ལྕམ་Navi Pillay ཡིས། བོད་ནང་དུ་རང་ལུས་མེར་སྲེག་བཏང་སྟེ། འུ་ཐུག་ཐབས་ཟད་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་མང་དུ་འགྲོ་བ་སོགས་བོད་ནང་གི་གནས་སྟངས་ཐབས་སྡུག་པོ་འགྱུར་བཞིན་པ་དེ་རིགས་མི་ཡོང་བའི་ཆེད་དུ་རྒྱ་ནག་གཞུང་གིས་འབྲེལ་ཡོད་བྱ་ཐབས་ལག་བསྟར་བྱ་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད།
དེ་ཡང་ཁོང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། ངོས་ནས་བོད་མིའི་གནས་སྟངས་ནི།    དངངས་སྐྲག་དང་ཞེ་སྣང༌། སུན་གཙེར། འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱུར་ཏེ་རང་ལུས་མེར་སྲེག་གཏོང་དགོས་པའི་ཐབས་སྡུག་གི་བྱ་བ་སྤེལ་དགོས་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས། བོད་མི་ཚོས་མྱོང་བཞིན་པའི་དཀའ་ངལ་དེ་དག་ངོས་འཛིན་ཐུབ་པ་བྱས་ཏེ།    ཁོང་ཚོའི་སེམས་ནང་གི་འདུན་པ་དང་བསམ་ཚུལ་ཇི་ཡོད་ཤོད་ཆོག་པའི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་སྤྲོད་དགོས་ཀྱི་རེད་ཅེས་དང༌། བོད་ནང་གི་བོད་མི་ཚོས་སྨྲ་བརྗོད་རང་དབང་དང༌། ཆོས་དད་རང་དབང༌། འདུ་འཛོམས་ཀྱི་རང་དབང་སོགས་གཞི་རྕའི་འགྲོ་བ་མིའི་ཐོབ་ཐང་དེ་རིགས་ལོངས་སུ་སྤྱོད་ཐབས་འབད་བརྩོན་བྱེད་པར་རྒྱ་ནག་གཞུང་གིས་དྲག་གནོན་དང་རྡུང་རྡེག་གཏོང་བའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།
མཐའ་དོན་དེར་ཁོང་གིས།  ངོས་ནས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་རྒྱུར། བོད་ནང་གི་བོད་མི་ཚོར་ཞི་བའི་ལས་འགུལ་སྤེལ་བ་དང༌། སྨྲ་བརྗོད་རང་དབང༌སོགས་ལ་བརྩི་བཀུར་ཞུ་དགོས་པ་དང༌། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་འཛིན་བཟུང་བྱས་པ་ཚང་མ་གློད་བཀྲོལ་གཏོང་རོགས་ཞུ་རྒྱུ་ཡིན་ཞེས་གསུང་འདུག །



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎