རྒྱ་གཞུང་ནས་སླར་ཡང་མ་ཉེས་ཁ་གཡོགས།

རྒྱ་གཞུང་ནས་བོད་ནང་དུ་རང་ལུས་མེར་སྲེག་གཏོང་བའི་གནས་སྟངས་ཛ་དྲག་ཏུ་འགྲོ་བའི་རྒྱུ་རྐྱེན་ནི། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཀྱིས་རྒྱུད་སྐུལ་བྱས་པའི་སྐྱོན་འཛུགས་ཞུས་ཡོད་པ་རེད།

2012.10.25

༄༅།    ། ཕྱི་ཟླ་བཅུ་པའི་ཚེས་༢༤ རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་གིས།    ད་རེས་ཉེ་ཆར་བོད་ནང་དུ་བོད་མི་གསུམ་གྱིས་གཅིག་འཇུག་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་བཏང་བ་ལྟར། ༢༠༠༩ ལོའི་ཕྱི་ཟླ་༢  པ་ནས་བཟུང་ད་བར་དུ་བོད་མི་༦༠ ཙམ་གྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་བཙན་གནོན་གྱི་བྱ་སྤྱོད་ལ་ངོ་རྒོལ་བྱས་པའི་ནང་ནས་མང་ཆེ་བ་ནི།    དགེ་འདུན་པ་དང་བཙུན་མ་ཡིན་པའི་སྐོར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་གསུང་ཡོད་པ་རེད། འོན་ཀྱང་ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Hong Lei ཡིས་གསར་འགོད་འདུ་འཛོམས་ཐོག་ང་ཚོ་རྒྱ་ནག་གཞུང་གིས་ཤེས་རྟོགས་བྱུང་བ་ནི། བོད་ཀྱི་ས་ཁུལ་ནང་དུ་ད་བར་རང་ལུས་མེར་སྲེག་གཏོང་མཁན་མང་ཆེ་བ་ནི།    ཏྰ་ལའི་རུ་ཚོགས་ཀྱི་རྒྱུད་སྐུལ་བྱས་པ་ཞིག་ཡིན་ཞིང༌། ཏྰ་ལའི་རུ་ཚོགས་ཀྱིས་བོད་མི་ཁག་ཅིག་རང་ལུས་མེར་སྲེག་གཏོང་དུ་བཅུག་ཏེ།    བོད་དེ་ཁ་བྲལ་གཏོང་ཐབས་ཀྱི་དམིགས་ཡུལ་བཅངས་པ་རེད། ཏྰ་ལའི་རུ་ཚོགས་ཀྱི་བྱ་སྤྱོད་དེ་རིགས་ལ་ཁ་རྡུང་དང་རྡུང་རྡེག་གཏོང་དགོས་པ་ཞིག་ཡིན་སྐོར་བཤད་པ་ཕ་རན་སིའི་གསར་སྤེལ་ལས་ཁང་ནས་གནས་ཚུལ་སྤེལ་འདུག    
འོན་ཀྱང་གནས་ཚུལ་དེའི་ནང་མུ་མཐུད་བཀོད་ཡག་ལ།    Hong Lei ཡིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ།    ཡང་ན།    བཞུགས་སྒར་རྡ་རམ་ས་ལར་ཆགས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་དུ་བོད་མིར་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུད་སྐུལ་ཇི་ལྟར་བྱས་པའི་དཔང་རྟགས་ར་སྤྲོད་གཅིག་ཀྱང་བྱས་མེད་པ་རེད། བོད་ནང་གི་བོད་མི་ཚོས་ད་བར་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང༌། རིག་གཞུང༌ཐོག་དྲག་གནོན་བྱེད་པས་མ་ཟད། བོད་ཀྱི་ས་ཁུལ་ནང་དུ་རྒྱ་མི་རིགས་འཕོན་ཆེ་གནས་སྤོ་བྱས་ཏེ།    བོད་མི་རྣམས་རང་གི་ལུང་པའི་ནང་དུ་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་པའི་སྲིད་ཇུས་ལ་མི་དགའ་བའི་རྣམ་འགྱུར་བཏོན་གྱི་ཡོད་པ་རེད་ཅེས་བཀོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎