གཟུངས་འདུས་སྐྱབས་ཀྱི་རྐང་པ་གཉིས་གཏུབས་ནས་བཏང་འདུག


2014.11.24
གཟུངས་འདུས་སྐྱབས་སྨན་ཁང་དུ་ཡོད་སྐབས། གཟུངས་འདུས་སྐྱབས་སྨན་ཁང་དུ་ཡོད་སྐབས།
དྲ་བཤུས

བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་འབོ་རའི་གཟུངས་འདུས་སྐྱབས་ལགས་ཀྱི་རྐང་པ་གཉིས་གཏུབས་ནས་རང་ཁྱིམ་དུ་བཏང་འདུག
དེ་ཡང་འདི་གར་འབྲེལ་ཡོད་བརྒྱུད་ཁུངས་ལྡན་གནས་ཚུལ་འབྱོར་དོན། དེ་སྔོན་སྤྱི་ལོ་༢༠༡༢ ཟླ་༡༢ཚེས་༢ཉིན་མདོ་སྨད་བླ་བྲང་བསང་ཆུ་རྫོང་འབོ་ར་དགོན་པའི་ཉེ་འགྲམ་གྱི་ལམ་ཆེན་ཨང་༢༡༣པའི་སྟེང་། གཟུངས་འདུས་སྐྱབས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་གནང་ཡོད། ཁོས་རང་ལུས་མེར་བསྲེགས་བཏང་བ་དང་མཉམ་དུ། རང་ཉིད་ཀྱིས་མགོ་བོ་རྩིག་ངོས་ལ་བརྡབས་ཏེ་ཁྲག་མང་པོ་ཐོན་ཡོད་པ་དེ་མ་ཐག་ཉེན་རྟོག་པས་ཁྱེར་ཡོད། རྗེས་སུ་ཁོང་ལ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་སྐབས་སུ་རྒྱ་གཞུང་གིས་ནང་མི་ཚོ་སྐད་བཏང་སྟེ། ཁོ་རང་གི་རྐང་པ་གཉིས་གཏུབ་དགོས་ཚུལ་བརྗོད་པ་ལས་རྐང་པ་འཚིག་ཡོད་པ་ཡག་པོ་བསྟན་མེད་པར་བརྟེན་ཕ་མ་གཉིས་ཀྱིས་མོས་མཐུན་བྱས་མེད་ཀྱང་། ཉེ་སྤྱི་ཟླ་༡༠་ཚེས་༢༣ཉིན་གྱི་མཚན་མོའི་བོད་ནང་གི་ཆུ་ཚོད་བཅུ་དང་ཕྱེད་ཀ་ཙམ་ལ་ནང་མི་སྐོང་འགུག་གིས་ཉེན་རྟོག་པ་དང་མཉམ་ཁོ་ཕྱིར་རང་ཁྱིམ་དུ་བསྐྱལ་སྐབས་རྐང་པ་གཉིས་ཀ་གཏུབས་ཡོད་འདུག གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། རྒྱ་ནག་གཞུང་གིས་ཁོང་དང་ཁོང་གི་ནང་མིར་བལྟ་རྟོག་ནན་མོ་བྱེད་བཞིན་པ་དང་། གནས་ཚུལ་ཕྱི་བསྒྲགས་བྱུང་ཚེ་དཀའ་ངལ་འཕྲད་སྲིད་པའི་འཇིགས་སྐུལ་བྱས་ཡོད་པ་ངོ་སྤྲོད་བྱས་བྱུང་། ཁོང་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བཙན་ཁྲིད་བྱས་བ་ནས་རྒྱུན་རིང་པོ་ཞིག་ལ་ཁོང་གི་གནས་སྟངས་གང་ཡང་མ་ཤེས་པར་ལྷག་ཡོད་པ་དང་། ལོ་འདིའི་མགོ་སྟོད་ཙམ་ལ་ལ་གཟུངས་འདུས་སྐྱབས་བླ་བྲང་བསང་ཆུ་རྫོང་གི་སྨན་མཁར་བལྟ་སྲུང་ཁང་དུ་བསྐྱལ་ཡོད་པ་ཐོས་ཏེ། ཁོང་གི་ནང་མི་ཚོས་ཟ་མ་དང་ཉལ་ཆས་འཁྱེར་ནས་ལྟ་རུ་ཕྱིན་སྐབས་ཐུག་འཕྲད་བྱེད་བཅུག་མེད་པ་མ་ཟད། ད་དུང་གཟུངས་འདུས་སྐྱབས་བསང་ཆུ་རྫོང་གི་བལྟ་སྲུང་ཁང་དུ་ཡོད་པ་གསང་བ་བྱེད་དགོས་ཚུལ་དང་། གལ་སྲིད་མི་གཞན་གྱིས་ཤེས་རྟོགས་བྱུང་ཚེ་དེའི་འགན་ནང་མི་ཚོས་འཁྱེར་དགོས་སྐོར་སོགས་ཀྱི་འཇིགས་སྐུལ་བྱས་ཡོད་འདུག
གཟུངས་འདུས་སྐྱབས་ཁོང་ནི་མདོ་སྨད་ཀན་ལྷོ་བསང་ཆུ་རྫོང་འབོ་ར་ཞང་གི་མངའ་ཁོངས་བརྡར་མདོ་སྡེ་བའི་མི་ཡིན་ཞིང། ཁོང་གི་ཕའི་མཚན་ལ་ཚེ་བྷ་དང་། མའི་མཚན་ལ་བན་དེ་འཚོ་ཟེར་གྱི་ཡོད་པ་དང་། ཁོང་ལ་བཟའ་ཟླ་དང་བུ་ཆུང་ལོ་ན་གཉིས་ལ་མ་སོན་ཙམ་ཞིག་ཡོད་འདུག

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎