ཨ་རིའི་ཕྱི་སྲིད་དྲུང་ཆེས་འབར་མའི་ནང་འཚམས་གཟིགས།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་འཆར་ཟླའི་ནང་འབར་མའི་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་འཆར་ཡོད་པ་རེད།

2011.11.18

༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་འཆར་ཟླའི་ནང་འབར་མའི་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་འཆར་ཡོད་པ་དང་ དེ་ནི་འདས་པའི་ལོ་ངོ་༥༠་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་འབར་མ་ནང་གཟིགས་སྐོར་དུ་ཕེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་  ད་རེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་འབར་མའི་ནང་ཕེབས་དོན་གཙོ་བོ་ ཨ་རི་གཞུང་གིས་འབར་མའི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་དང་ མི་རིགས་མཐུན་སྒྲིལ་སྲ་བརྟན་གཏོང་རྒྱུའི་ལས་དོན་ཐོག་རྒྱབ་སྐྱོར་གང་དྲ་ཟེ་གནང་མིན་ཐོག་རྟོགས་ཞིབ་ཆེད་ཕེབས་རྒྱུ་ཡིན་འདུག  ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཀི་ལིན་ཀྲེན་མཆོག་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡ཉིན་ནས་འབར་མའི་ནང་གཟིགས་སྐོར་དུ་ཕེབས་རྒྱུ་ཡིན་པ་དང་  ད་རེས་ལྕམ་ཀི་ལིན་ཀྲེན་མཆོག་འབར་མའི་ནང་གཟིགས་སྐོར་དུ་ཕེབས་རྒྱུའི་ཐག་གཅོད་དེ་ཡང་ད་རེས་ཕྱི་ཚེས་༡༧ཉིན་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་དང་ འབར་མའི་དམངས་གཙོ་དོན་གཉེར་གྱི་དབུ་ཁྲིད་ལྕམ་ཨང་སང་སུའུ་ཁྱི་རྣམ་གཉིས་ཞལ་པར་ཐོག་ནས་བཀའ་མོལ་ཐོག་མ་དེ་གནང་བའི་རྗེས་ཐག་གཅོད་གནང་བ་ཞིག་ཡིན་པ་ཨ་རིའི་སྲིད་འཛིན་གྱིས་འགྲེལ་བརྗོད་གནང་འདུག་ལ་ ཨ་རིའི་སྲིད་འཛིན་མཆོག་ནས་  འབར་མའི་ནང་ཡར་རྒྱས་ཀྱི་རྣམ་པ་ཞིག་མཐོང་རྒྱུ་ཡོད་པ་ཡང་གསུང་འདུག  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎