རྒྱ་ནག་དམག་དཔུང་ཁང་གི་སྒོ་སྲུང་བར་མེ་མདའ་ཕོག་པ།

རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནང་རྒྱ་ནག་དམག་དཔུང་ཁང་གི་གོ་སྲུང་བར་ངོ་རྟགས་མི་ཆོད་པའི་མིས་མེ་མདའ་རྒྱབ་ནས་རྨས་སྐྱོན་ཕོག་ཡོད་འདུག

2009.03.27

༄༅༎ཡང་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཁོངས་ཀྱི་ལེ་ཧྲན་ས་གནས་ནང་ཡོད་པའི་རྒྱ་ནག་དམག་དཔུང་ཁང་གི་གོ་སྲུང་བར་གཟའ་ཕུར་བུའི་ཉིན་ངོ་རྟགས་མི་ཆོད་པའི་མིས་མེ་མདའ་རྒྱབ་ནས་རྨས་སྐྱོན་ཕོག་ཏེ་ཁོ་པའི་མེ་མདའ་ཁྲོག་འཅོམ་བྱས་ཡོད་པའི་སྐོར་ཧོང་ཀོང་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་གིས་གཟའ་པ་སངས་ཉིན་གནས་ཚུལ་ཕྱིར་བསྒྲགས་བྱས་འདུག

གནད་དོན་དེ་བདེན་པ་ཡིན་མིན་སྐོར་རོའེ་ཁྲར་གསར་འགྱུར་བརྒྱུད་ལམ་གྱིས་ས་གནས་ཉེན་རྟོག་ལས་ཁང་ལ་ཁ་པར་ཐོག་ནས་སྐད་ཆ་འདྲི་རྩེད་བྱས་ཡོད་ན་ཡང་ཁ་པར་ལན་འདེབས་བྱེད་མཁན་བྱུང་མེད་པ་གནས་ཚུལ་ནང་འཁོད་བཞག དེའི་གོང་ཙམ་དུ་རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་གྲུང་ཆིང་གྲོང་ཁྱེར་གྱི་དམག་དཔུང་ལྟེ་གནས་ཁང་ཞིག་གི་སྒོ་འགྲམ་སྲུང་བྱར་ངོ་རྟགས་མི་ཆོད་པའི་མི་ཁག་ཅིག་གིས་མེ་མདའ་རྒྱབ་ནས་དམར་གསོད་བཏང་ཏེ་ཁོ་པའི་མེ་མདའ་འཁྱེར་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་རྒྱ་ནག་གཞུང་གིས་ས་གནས་དེའི་ཉེན་རྟོགས་པ་ཉིས་སྟོང་ལྷག་ཙམ་བཏང་ནས་རྩོད་ཞིབ་བྱེད་མུས་ཡིན་པ་རེད། རྒྱ་ནག་ནང་དེང་སྐབས་གནས་ཚུལ་དེ་རིགས་ཇེ་མང་དུ་འགྲོ་བཞིན་པ་དེས་རྒྱ་ནག་གི་སྤྱི་ཚོགས་བརྟན་ལྷིང་དང་འཆམ་མཐུན་གྱི་སྤྱི་ཚོགས་ཟེར་བར་གནོད་འཚེ་ཕོག་རྒྱུར་རྒྱ་ནག་གཞུང་གིས་ཞེད་སྣང་དང་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎