ཀེམ་སྦིརིཇ་གཙུག་ལག་སློབ་གྲྭའི་དཔར་བསྐྲུན་ཁང་ལ་རྒྱ་གཞུང་གི་གནོན་ཤུགས།


2017.08.22
ཀེམ་སྦིརིཇ་གཙུག་ལག་སློབ་གྲྭའི་དཔར་བསྐྲུན་ཁང་ལ་རྒྱ་གཞུང་གི་གནོན་ཤུགས། ཀེམ་སྦིརིཇ་གཙུག་ལག་སློབ་གྲྭ།
ཀེམ་སྦིརིཇ་གཙུག་ལག་སློབ་གྲྭ

༄༅། །དེ་རིང་གཟའ་མིག་དམར་ཉིན་ཨ་རིའི་ནང་རྟེན་གཞི་བྱས་པའི་ཨེ་ཤེ་ཡའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཟེར་བའི་ཚོགས་པས་གསལ་བསྒྲགས་སྤེལ་བའི་ནང་།   རྒྱ་ནག་གཞུང་གི་གསར་ཤོག་དང་དཔར་བསྐྲུན་དོ་དམ་ལས་ཁང་གིས་Cambridge གཙུག་ལག་སློབ་གྲྭའི་དཔར་བསྐྲུན་ཁང་ལ་དཔར་བསྐྲུན་ཁང་དེའི་དྲ་རྒྱའི་ཐོག་ཨེ་ཤེ་ཡའི་རིག་གནས་ཕྱོགས་བསྡུས་ཀྱི་ཚན་པ་ནས་རྩོམ་ཡིག་བརྒྱ་ཐམ་པ་ཕྱིར་བསྡུ་བྱེད་དགོས་པའི་རེ་འདུན་བཏོན་འདུག་ཅིང་།  འཛམ་གླིང་ནང་གི་དཔར་བསྐྲུན་ཁང་རྙིང་ཤོས་ཡིན་པར་ངོས་འཛིན་བྱེད་པ་ཀེམ་སྦིརིཇ་གཙུག་ལག་སློབ་གྲྭའི་དཔར་བསྐྲུན་ཁང་ངོས་ནས་ཀྱང་རྒྱ་ནག་གིས་རེ་འདུན་དེ་དོན་བཏོན་པ་ངོས་ལེན་བྱས་འདུག
རྩོམ་ཡིག་དང་ལོ་རྒྱུས་སོགས་འཁོད་པའི་ཡིག་ཆ་གྲངས་བརྒྱ་ཐམ་པ་ཕྱིར་འཐེན་བྱས་པ་དེའི་ཁོངས་སུ་ ༨༩ ལོའི་པེ་ཅིང་གནམ་སྡེ་སྒོ་མི་ཆེའི་དོན་རྐྱེན་དང་། བོད་ཀྱི་གནས་བབས་ལོ་རྒྱུས། རྒྱ་ནག་གི་མང་གཙོའི་ལས་འགུལ་གྱི་ལོ་རྒྱུས་སོགས་ཡོད་འདུག
Cambridge གཙུག་ལག་སློབ་གྲས་རྒྱ་ནག་གི་དུས་ཚིགས་དུས་དེབ་ནང་ནས་གོང་ཞུས་ནང་དོན་འཁོད་པའི་རྩོམ་ཡིག་༡༠༠ལྷག་ཙམ་དུས་དེབ་ཐོག་ནས་ཕྱིར་ཐེན་བྱས་པ་དེ་འདས་པའི་ཉིན་གྲངས་ཁ་ཤས་ནང་རྒྱ་ནག་གཞུང་གི་གནོན་ཤུགས་འོག་རྩོམ་ཡིག་དེ་རིག་དུས་དེབ་དེའི་ཐོག་ནས་ཕྱིར་ཐེན་བྱེད་ཐེངས་གཉིས་པ་ཡིན་པ་བཀོད་ཡོད་པ་རེད་། ཨ་རིའི་ཨེ་ཤེ་ཡའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱིས་སྤེལ་བའི་གསལ་བསྒྲགས་དེའི་ནང་ད་དུང་ཚོགས་པ་དེའི་འབྲེལ་ཡོད་དཔོན་རིགས་ཚོས་ཤེས་ཡོན་རང་དབང་ལས་འགལ་བའི་བྱ་སྤྱོད་དེ་རིགས་ཁྱབ་བརྡལ་དུ་འགྲོ་རྒྱུར་སེམས་འཚབ་ཆེན་པོ་ཡོད་པ་དང་།  ཚོགས་པ་དེ་དང་Cambridge གཙུག་ལག་སློབ་གྲྭའི་དཔར་བསྐྲུན་ཁང་དབར་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་རིགས་ལ་ལན་འདེབས་བྱ་རྒྱུའི་སྐོར་གྲོས་མོལ་བྱེད་བཞིན་པ་བཀོད་འདུག   པེ་ཅིང་སློབ་གྲྭ་ཆེན་མོའི་ཁོངས་རྟོགས་རྒྱ་ནག་ཧྲན་ཀྲན་ནང་ཡོད་པའི་ཚོང་དོན་དང་དཔལ་འབྱོར་སློབ་གྲའི་ཆེས་ལས་དགེ་རྒན་ཆེན་མོ་Christopher Balding གྱིས་ཤེས་ཡོན་ཞིབ་བཤེར་བྱ་རྒྱུར་ངོ་རྒོལ་གྱི་དགོས་འདུན་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་རེད་།   Cambridge གཙུག་ལག་སློབ་གྲྭས་རྩོམ་ཡིག་ཕྱིར་ཐེན་བྱས་པའི་སྐོར་གྱི་གསལ་བསྒྲགས་ཤིག་རྒྱ་ནག་གི་Weibo དྲ་རྒྱའི་རྒྱུད་ནས་རྒྱ་ཡིག་ཐོག་སྤེལ་ཡོད་པ་དང་།  ཡིན་ནའི་གསལ་བསྒྲགས་དེ་འགྲེམས་སྤེལ་བྱས་མ་ཐག་རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་ནས་དྲ་རྒྱའི་ཐོག་མཐོང་རྒྱུ་མེད་པ་ཆགས་ཡོད་འདུག།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎