སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རྭའི་ནང་ཚན་རིག་འཛིན་གྲྭ།
2012.06.02
༄༅༎ཟླ་བ་འདིའི་ཚེས་ ༡ ཉིན་རྒྱ་གར་ལྷོ་ཕྱོགས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རྭའི་ནང་། ཚན་རིག་འཛིན་གྲྭ་གསར་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་འདུག
མཛད་སྒོ་སྐུ་མགྲོན་གཙོ་བོ་བྱང་རྩེ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་དང་། སེར་བྱེས་མཁན་རིན་པོ་བློ་བཟང་བདེ་ལེགས་དང་། སེར་སྨད་མཁན་རིན་པོ་ཆེ་ངག་དབང་འབྱོར་ལྡན། ལུགས་བསམ་ས་གནས་འགོ་འཛིན་ཚེ་དབང་དངོས་གྲུབ་སོགས་ཕེབས་ཡོད་འདུག། སྐུ་མགྲོན་གཙོ་བོ་བྱང་རྩེ་ཆོས་རྗེ་མཆོག་གིས། ནང་པའི་བཤད་གྲྭ་ཁག་ཏུ་ཚན་རིག་ཀྱི་སློབ་ཚན་བཙུག་དགོས་པའི་རྒྱུ་མཚན་ནི་་ གོང་ས་མཆོག་གིས་འཛམ་གླིང་གི་ཚན་རིག་མཁས་པ་མང་པོ་དང་བགྲོ་གླེང་མང་པོ་གནང་བ་དང་། བརྟག་དཔྱད་མང་པོ་བཏང་སྟེ། དགོས་པ་རྒྱུ་མཚན་མང་པོར་གཟིགས་པའི་ཐོག་ནས་དགོངས་བཞེད་གནང་བ་ཞིག་ཡིན་སྐོར་གསུངས་འདུག།