བན་ཆེན་སྐྱིད་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེཊ།
2012.12.10
ཤ་བོ་རྡོ་རྗེ་བརྒྱུད་འདི་གར་གནས་ཚུལ་འབྱོར་དོན། ཚེས་༩ཉིན་བོད་ནང་གི་ཆུ་ཚོད་༨པ་ཡས་མས་སུ། མདོ་སྨད་རེབ་གོང་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོའི་བུ་མོ་བན་ཆེན་སྐྱིད་ཀྱིས་ ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག། བོད་མི་མང་ཁྲི་ལོ་བརྟན་པར་ཤོག་ཅེས་སྐད་འབོད་བྱེད་བཞིན་རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་བའི་མཐར་འདས་གྲོངས་ཕྱིན་ཡོད་འདུག
ཁོ་མོས་ མེར་བསྲེག་མ་བཏང་གོང་གྲོགས་མོ་ཞིག་ལ། ངས་བོད་པའི་ལ་རྒྱའི་ཆེད་དུ་རང་ལུས་མེར་བསྲེགས་གཏོང་རྒྱུ་ཡིན། ཞང་ཐོག་ཏུ་ཕྱིན་ནས་སྲིད་གཞུང་སྒོ་ཁར་མེར་བསྲེགས་བཏང་ན། ངའི་ཕུང་པོ་ཕ་མའི་ལག་ཏུ་རག་གི་མ་རེད། ད་ངས་འབྲོག་ས་རང་ནས་མེར་བསྲེགས་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག
བན་ཆེན་སྐྱིད་ལགས་ཀྱི་པ་ལགས་ཀྱི་མཚན་ལ་བསོད་ནམས་ཚེ་རིང་དང་ཨ་མ་ལགས་ཀྱི་མཚན་ལ་གསེར་མོ་རེད་འདུག། ཁོ་རང་ནམ་རྒྱུན་ནས་སློབ་སྦྱོང་ལ་བཙོན་པ་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། བོད་མི་རིགས་ཀྱི་ལ་ཞེན་དང་བོད་རྒྱའི་གནད་དོན་ཐོག་དོ་སྣང་ཆེན་པོ་གནང་མཁན་ཞིག་རེད་འདུག།
ཁོང་མེར་བསྲེག་གཏོང་ཡུལ་དེར་དོ་དགོང་མཚན་མོ་བོད་ནང་གི་ཆུ་ཚོད་༡༢དང་སྐར་མ་༡༥ཐོག་ས་གནས་མང་ཚོགས་ཕོན་ཆེན་འདུ་འཛོམས་ཀྱིས་༧གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་སྐྱོར་འདོན་གནང་ནས་ཁོང་གི་ཕུང་པོ་ཞུགས་འབུལ་གནང་ཡོད་པའི་གནས་ཚུལ་འདུག