སློབ་ཕྲུག་གི་བདེ་འཇགས་དང་འབྲེལ་བའི་ཚོགས་འདུ་སྐོང་འདུག
2014.06.25

བཙན་གཡེམ་རིཊ་བྱུང་ཚེ་སྦས་གསང་མ་བྱས་པར་གསར་ལམ་ཁག་ལ་བསྒྲཊ་པ་དང་རྒྱ་གར་གྱི་ཁྲིམས་ལ་གཏུཊ་གལ་ཆེ་བ་སྲིད་སྐྱོང་གིས་གསུངས་འདུག
དེ་ཡང་གནས་ཚུལ་ལྟར་ན། སྤྱི་ཚེས་༢༥ཉིན་ཚོགས་འདུ་དེའི་ཐོག་སློབ་ཕྲུག་བུ་མོའི་བདེ་འཇགས་དང་དེར་འགན་འཁྱེར་ཕྱོགས་ཇི་དགེའི་སྐོར་དང་། སྨྱོས་རྫས་ལངས་ཤོར་སྔོན་འགོག ་ བཀའ་ཤག་གིས་གཏན་འབེབས་གནང་བའི་ཕྲུ་གུ་གསུམ་ཡན་ཡོད་པའི་ཁྱིམ་ཚང་ལ་དམིགས་བསལ་ལྟ་སྐྱོང་གི་སྲིད་བྱུས་དང་འབྲེལ་བའི་སྐོར་བཀའ་བསྡུར་གནང་ཡོད་པ་རེད། ཚོགས་འདུ་དབུ་འབྱེད་ཉིན། སྲིད་སྐྱོང་མཆོག་གིས་ཉེ་སྔོན་གོ་པལ་པུར་སློབ་གྲྭར་བུ་མོ་ལོ་ཆུང་ཞིག་ལ་བཙན་གཡེམ་བྱས་པའི་གནས་ཚུལ་དང་། དེ་སྔོན་མོན་གྷོ་གཞིས་ཆགས་སུའང་བུ་མོ་ལོ་ཆུང་ཞིག་ལ་བཙན་གཡེམ་བྱེད་ཐབས་བྱས་པའི་གནས་ཚུལ། དེ་བཞིན་བསྟན་འཛིན་སྒང་ལའང་བུད་མེད་གཅིག་ལ་དྲག་པོའི་སྒོ་ནས་ངོ་ཚ་བཟོས་པ་སོགས་མི་སྤྱོད་ལས་འདས་པའི་གནས་ལུགས་དེ་དག་བློ་ཕམ་གྱི་གནས་ཚུལ་ཙམ་མ་ཟད། བོད་མིའི་ཡ་རབས་བཟང་སྤྱོད་ལས་འགལ་བའི་སྤྱོད་ཚུལ་ཡིན་པ་ནན་བརྗོད་གནང་འདུག སྲིད་སྐྱོང་མཆོག་གིས་གསུང་ན། གནས་ཚུལ་འདི་རིགས་བྱུང་ཚེ་སྦས་གསང་མ་བྱས་པར་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་གལ་ཆེ་བ་དང་། ལྷག་པར་དུ་གནས་ཚུལ་དེ་རིགས་འཕྲལ་དུ་རྒྱ་གར་ཁྲིམས་ཐོག་ལ་གཏུག་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་མ་ཟད། དེ་ལྟར་ཁྲིམས་ཐོག་སྐྱེལ་རྒྱུའི་ལས་འགན་ཡང་ཡོད་པའི་སྐོར་གསལ་འདོན་གནང་པ་དང་སྦྲགས་སློབ་གྲྭ་ཁག་གི་ངོས་ནས་སློབ་ཕྲུག་ཚོར་གནད་དོན་འདི་དང་འབྲེལ་བའི་ཐོག་གོ་རྟོགས་གང་ཡོང་སྤེལ་དགོས་པའི་སྐོར་ནན་སྐུལ་གནང་འདུག
ཐེངས་འདིའི་སློབ་ཕྲུག་གི་བདེ་འཇགས་དང་འབྲེལ་བའི་ཚོགས་འདུའི་སྐབས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོས་པའི་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་རྣམ་གཉིས་དང་། རྡ་སྟེང་བོད་ཁྱིམ་གྱི་ཤེས་ཡོན་ངེས་སྟོན་པ། སམ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན། བལ་ཡུལ་གངས་ཅན་བདེ་རྩའི་ངེས་སྟོན་པ། མ་སུ་རི་བོད་ཁྱིམ་གྱི་སློབ་སྤྱི་དང་། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་འགན་འཛིན་རྣམ་པ། མདུན་ལམ་སློབ་སྟོན་ཚན་པའི་ལས་བྱེད་རྣམ་པ་སོགས་ལྷན་བཞུགས་གནང་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།