འགྲོ་བ་མིའི་ཐོབ་ཐང་ཚོཌ་པས་ཕེ་རན་སིའི་སྲིད་འཛིན་ལ་འབོད་སྐུལ།

འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཕེ་རན་སིའི་སྲིད་འཛིན་ལ་རྒྱ་ནག་མཉམ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་གནང་བའི་འབོད་སྐུལ།

2010.11.03

༄༅༎ཕྱི་ཟླ་བཅུ་གཅིག་པའི་ཚེས་༤ཉིན་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཧུའུ་ཇིང་ཐའོ་ཕེ་རན་སི་ཡུལ་དུ་རྒྱལ་དོན་ཚམས་གཟིགས་སུ་ཕེབས་ཀྱི་ཡོད་པར་བརྟེན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སི་སར་ཀོ་ཛི་ཡིས་རྒྱ་ནག་གི་དཔོན་རིགས་ཧུའུ་ཇིང་ཐའོ་དང་མཇལ་འཕྲད་གནང་བའི་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་གནང་རྒྱུའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད་

ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གཟའ་མིག་དམར་ཉིན་ཡོངས་ཁྱབ་ཡི་གེ་ཞིག་ཕྱིར་བསྒྲགས་བྱས་ཡོད་པའི་ནང་ ཕེ་རན་སིའི་སྲིད་འཛིན་མཆོག་ནས་རྒྱ་ནག་གི་དཔོན་རིགས་ཧུའུ་ཇིང་ཐའོ་དང་མཇལ་འཕྲད་གནང་བའི་སྐབས་   རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་རྒྱུའི་སྐོར་དང་དེ་བཞིན་ རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པ་ ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོ་མཁན་རྩོམ་པ་པོ་ལིའུ་ཤའོ་ཕུའུ་གློད་གྲོལ་དགོས་པའི་གནད་དོན་སྐོར་གླེང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད་ རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཧུའུ་ཇིང་ཐའོ་ཕྱི་ཚེས་༤གཟའ་ཕུར་བུ་ནས་དུས་ཡུན་ཉིན་གྲངས་གསུམ་རིང་ཕེ་རན་སིའི་ནང་རྒྱལ་དོན་ཚམས་གཟིགས་གནང་རྒྱུ་ཡིན་པ་དང་ དེའི་རིང་ཡུལ་གྲུ་གཉིས་ཀྱི་དཔོན་རིགས་དབར་ཕྱོགས་གཉིས་ཀས་ཐུགས་ཁུར་གནང་སའི་གནད་དོན་མང་པོ་ཞིག་གི་ཐོག་བཀའ་མོལ་གནང་འཆར་ཡོད་པ་མ་ཟད་ རྒྱ་ནག་དང་ཕེ་རན་སིའི་དབར་མ་མངུལ་ཕོན་ཆེ་གནས་པའི་ཚོང་དོན་འབྲེལ་ལམ་ཁག་གི་ཐོག་ལ་ཡང་བཀའ་བསྡུར་གནང་འཆར་ཡོད་འདུག དེ་དང་ཕྱོགས་ཚུངས་ཕེ་རན་སི་རྒྱལ་ས་པེརེ་སི་ནང་རྟེན་གཞི་བྱས་པའི་རྒྱལ་ཁོངས་མེད་པའི་གསར་འགོད་པའི་ཚོགས་པས་ཀྱང་གཟའ་ཕུར་བུའི་ཉིན་པེ་རེ་སི་གྲོང་ཁྱེར་ཐང་ཆེན་དུ་ རྒྱ་ནག་གི་དཔོན་རིགས་ཧུའུ་ཇིང་ཐའོ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་མི་རྣམ་མཉམ་བཞུགས་གནང་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་པ་དང་ ཚོགས་པ་དེས་སྤེལ་བའི་གསལ་བསྒྲགས་ནང་རྩོམ་པ་པོ་ལིའུ་ཤའོ་ཕུའུ་ལ་ཉེས་པ་གང་ཡང་མེད་པ་དང་ ཁོང་གིས་འདས་པའི་ལོ་ངོ་ཉི་ཤུ་མ་རིངརྒྱ་ནག་མི་མང་གི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་གི་ཐོབ་ཐང་སྲུང་སྐྱོབ་གནང་ཡོད་པ་དང་ དེ་ནི་རྒྱ་ནག་གི་རྩ་ཁྲིམས་ནང་འཁོད་ཡོད་པར་བརྟེན་ཁོང་གི་བྱ་སྤྱོད་དེ་རིགས་ནི་རྒྱ་ནག་གི་ཁྲིམས་ལུགས་དང་ཡོངས་སུ་མཐུན་གྱི་ཡོད་པ་སོགས་བཀོད་ཡོད་པ་རེད་ ཕེ་རན་སི་དང་རྒྱ་ནག་དབར་འདས་པའི་ལོ་ངོ་ཁ་ཤས་རིང་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་ཀྱང་ཡུལ་གྲུ་གཉིས་དབར་ཚོང་དོན་དང་དཔལ་འབྱོར་འབྲེལ་ལམ་དེ་བཞིན་ཕྱི་ལོ་ཉིས་སྟོང་དགུ་ལོ་ནས་བཟུང་རྒྱུན་ལྡན་ཅན་དུ་འགྲོ་བཞིན་ཡོད་པ་རེད

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎