སར་ཀོ་ཛི་ཡིས་ཧུ་ཅིན་ཏའོར་སུ་ཀི་གློད་བཀྲོལ་ཆེད་གནོན་ཤུཌ།
2010.11.17
༄༅༎ཕ་རེན་སི་སྲིད་འཛིན་ནི་ཀོ་ལ་སི་སར་ཀོ་ཛི་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་ལ་ལྕམ་ཨང་སན་སུ་ཀི་སྐོར་བཀའ་མོལ་གནང་རྗེས། རྒྱ་ནག་གིས་ལྕམ་སུ་ཅི་གློད་བཀྲོལ་ཐད་འབར་མའི་གཞུང་ཐོག་གནོན་ཤུགས་སྤྲད་ཡོད་སྐོར་ཁ་ས་གསུངས་བཞག
སྲིད་འཛིན་སར་ཀོ་ཛི་མཆོག་ལ་བརྙན་འཕྲིན་ལས་ཁང་ཞིག་གིས་བཅར་དྲི་ཞུ་སྐབས་ཁོང་གིས་གསུང་དོན། ཨང་སན་སུ་ཀི་གློད་བཀྲོལ་ཐད་རྒྱ་ནག་སྲིད་འཛིན་གྱིས་ང་ལ་རོགས་པ་གནང་བྱུང༌། སྲིད་འཛིན་ཧུ་ཅིང་ཏའོ་ཕྱི་ཟླ་༡༡པའི་ཚེས་ཤར་ནང་ཕ་རེན་སི་ལ་ལྟ་སྐོར་ཡོང་སྐབས་ངས་མི་སྣ་དེའི་སྐོར་སྐད་ཆ་བཤད་པ་ཡིན། ངས་རྒྱ་ནག་གི་སྲིད་འཛིན་ལ་ལྕམ་སུ་ཀི་སྐོར་སྐད་ཆ་བཤད་པ་སོང་ཙང་འབར་མའི་
དྲག་པོའི་གཞུང་ཐོག་རྒྱ་ནག་གིས་གནོན་ཤུགས་སྤྲད་ཡོག་རེད་ཅེས་འགྲེལ་བརྗོད་གནང་བཞག
རྒྱ་ནག་གིས་འབར་མའི་དམངས་གཙོ་དོན་གཉེར་བའི་དབུ་ཁྲིད་ལྕམ་ཨང་སན་སུ་ཀི་གློད་བཀྲོལ་ཐད་འགྲེལ་བཤད་གང་ཡང་བྱས་མེད་ནའང༌། དྲག་པོའི་གཞུང་གིས་འབར་མའི་ནང་དམངས་གཙོ་སླར་གསོའི་འཆར་གཞི་རིམ་པས་དོན་འཁྱོལ་ཡོང་བའི་རེ་བ་བྱས་ཡོག་རེད།
རྒྱ་ནག་ནི་འབར་མ་ཡུལ་ལ་གོ་མཚོན་ཚོང་སྒྱུར་བྱེད་མཁན་གྱི་རྒྱལ་ཁབ་ལྟེ་བ་ཞིག་ཡིན་པ་མ་ཟད། འབར་མའི་རང་བཞིན་ཐོན་རྫས་མང་ཤོས་ཉོ་སྒྲུབ་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཀྱང་རེད། ཕ་རེན་སི་སྲིད་འཛིན་སར་ཀོ་ཛི་མཆོག་གིས་ལྕམ་སུ་ཀི་ཡིས་ད་ཕྱིན་ཆབ་སྲིད་ཀྱི་ཐོབ་ཐང་བསྐྱར་དུ་ལོངས་སྤྱོད་གནང་ཐུབ་པའི་རེ་བ་ཡོད་སྐོར་གསུངས་ཏེ། འབར་མའི་ནང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་མ་ཕྱིན་པ་ཡིན་ན་འབར་མའི་ནང་ཕ་རེན་སི་ཡུལ་གྱི་ཚོང་ལས་བྱ་གཞག་མུ་མཐུད་གནས་མིན་ཐད་དཀའ་ངལ་ཆགས་རྒྱུ་གཏན་འཁེལ་རེད་ཅེས་གསུངས་བཞག།