ཕ་རན་སིའི་སྲིད་འཛིན་ལ་རྒྱ་གཞུང་ནས་མི་འདོད་པའི་རྣམ་འགྱུར།

ཕ་རན་སིའི་སྲིད་འཛིན་མཆོག་པེ་ཅིང་ཨོ་ལིམ་པིག་ཏུ་ཕེབས་རྒྱུ་འདོད་མོས་མེད་ལུགས་མི་མང་དང་གཞུང་གིས་རྣམ་འགྱུར་བཏོན་འདུག

2008.07.03

༄༅༎ཕ་རན་སིའི་སྲིད་འཛིན་མཆོག་ནས་བོད་ནང་གི་གནད་དོན་ཐོག་ནས་ཨོ་ལིམ་པིག་རྩེད་འགྲན་ནང་ཕེབས་རྒྱུའི་ཐག་ཆོད་གནང་གི་ཡིན་གསུངས་པ་དེར་རྒྱ་ནག་གཞུང་ནས་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་འདུག།

ཕ་རན་སིའི་སྲིད་འཛིན་མཆོག་ནས་འདི་ལོ་བོད་ནང་ཛ་དྲག་གི་གནས་ཚུལ་བྱུང་བ་དེར་ཐུགས་འཚབ་ཡོད་པའི་གསུངས་བཤད་གནང་བས་མ་ཟད་ཉེ་ཆར་སླར་ཡང་བོད་རྒྱའི་གྲོས་མོལ་གྱི་བརྒྱུད་རིམ་ཡར་རྒྱས་ལྡན་པ་ཞིག་བྱུང་བ་ཡིན་ན་ཁོང་ཨོ་ལིམ་པིག་རྩེད་འགྲན་སྐབས་ཕེབས་རྒྱུའི་དགོངས་པ་བཞེས་ཀྱི་ཡིན་ཞེས་གང་ལྟར་བོད་ཀྱི་གནད་དོན་ལ་གཞིགས་པས་ཐག་ཆོད་གནང་རྒྱུ་ཡིན་ལུགས་གསུངས་པ་དེར་རྒྱ་ནག་གཞུང་དང་མི་མང་གཉིས་ཀས་མི་འདོད་པའི་རྣམ་འགྱུར་བསྟེན་བཞིན་ཡོད་པ་རེད། དེ་ཡང་རྒྱ་ནག་ནང་གི་ས་ཡེ་ན། ཀོམ་ སི་ཨན་ཞེས་པའི་དྲ་རྒྱའི་ཐོག་ནས་ཕ་རན་སིའི་སྲིད་འཛིན་མཆོག་རྒྱ་ནག་ཏུ་ཚོགས་རྒྱུའི་ཨོ་ལིམ་པིག་རྩེད་འགྲན་སྐབས་ཕེབས་རྒྱུའི་འདོད་མོས་ཡོད་མེད་འོས་བསྡུའི་ལམ་ནས་བསམ་ཚུལ་བསྡུ་ལེན་བྱེད་པའི་སྐབས་བརྒྱ་ཆ་བརྒྱད་བཅུ་ལྷག་ཙམ་ནས་འདོད་མོས་མེད་ལུགས་འོས་འཕེན་ཡོད་པ་དང༌། དེ་རིང་སླར་ཡང་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པར་འདིའི་སྐོར་བཅར་འདྲི་ཞུས་པའི་སྐབས། དམིགས་བསལ་ཕ་རན་སིའི་སྲིད་འཛིན་མཆོག་གིས་མཚན་མ་འབོད་པར་རྒྱལ་སྤྱིའི་རྩེད་འགྲན་ཚོགས་ཆུང་གི་ཚོགས་མི་ཚང་མས་རྩེད་འགྲན་ལ་གུས་བརྩི་ཞུ་དགོས་པ་ལས་ཨོ་ལིམ་པིག་རྩེད་འགྲན་དང༌། ཆབ་སྲིད་གཉིས་མཉམ་བསྲེས་བྱེད་པ་ཡིན་ན་མ་འགྲིགས་པ་རེད་ལ་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་མཁན་སུ་ཡིན་ནའི་ང་ཚོས་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་ལན་རྒྱབ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎