དད་ལྡན་པ་རྣམས་ཀྱི་གསོལ་འདེབས་སྨོན་ལམ་ལ་བརྟེན་ནས་ཡུན་རིང་པོར་སྐུ་འཚོ་བཞུགས་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་སྐུའི་གྱ་སྟོན་སྲུང་བརྩིའི་སྐབས་གསུངས་པ།

2024.10.03
དད་ལྡན་པ་རྣམས་ཀྱི་གསོལ་འདེབས་སྨོན་ལམ་ལ་བརྟེན་ནས་ཡུན་རིང་པོར་སྐུ་འཚོ་བཞུགས་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་སྐུའི་གྱ་སྟོན་སྲུང་བརྩིའི་སྐབས་གསུངས་པ། ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག ༢༠༢༤།༡༠།༠༣ ཉིན།
CTA

ཕྱི་ལོ་ ༢༠༢༤ ཟླ་ ༡༠ པའི་ཚེས་ ༣ ཉིན་ར་ཇ་པུར་དུ་རྟེན་གཞི་བྱས་པའི་ས་སྐྱའི་ཆོས་སྒར་དུ་ས་སྐྱའི་ལྷ་སྡེ་མི་སྡེ་ཐུན་མོང་ནས་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་དང་འབྲེལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ། སྐབས་དེར་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས། བརྟནབཞུགས་ཀྱི་མཚམས་སུ་སྐྱེ་འཆི་ལ་རང་དབང་ཐོབ་མཁན་གྱི་བླ་མ་རྣམས་ལ་དད་ལྡན་པ་ཚོས་དུས་ཡུན་དེ་ཙམ་བཞུགས་རྒྱུའི་གསོལ་འདེབས་ཞུས་པ་བཞིན་སྐུ་འཚོ་བཞུགས་མཛད་རྒྱུའི་ཞལ་བཞེས་མཛད་ཀྱི་ཡོད་ཀྱང་། ང་ལྟ་བུ་མིང་ཆེན་པོ་ལས་དོན་ལ་སོ་སོ་སྐྱེ་བོ་ཐ་མ་པ་ཁོ་ན་མ་གཏོགས་མི་འདྲ་བ་གང་ཡང་མེད་པས་ ངས་རང་དབང་ཐོག་ནས་ང་དེ་ཙམ་བསྡད་ཀྱི་ཡིན་ལབ་ཐུབ་ཡ་མེད་ཀྱང་། ཆོས་ཐམས་ཅད་བརྟེན་འབྲེལ་ཡིན་དུས་འཛམ་གླིང་ས་ཕྱོགས་གང་ས་ནས་བསྟན་བདག་བླ་ཆེན་རྣམས་དང་མི་མང་རྣམས་ནས་ཚེ་སྒྲུབ་ཀྱི་ཆོ་ག་རྒྱ་ཆེ་གནང་བའི་བཀའ་དྲིན་ལ་བརྟེན་ནས། ཡུན་རིང་པོར་འཚོ་བཞུགས་ཐུབ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་ཅེས་བཀའ་སྩལ་གནང་སོང་།

མ་ཟད་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་ཐུགས་བསྐྱེད་དང་། ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་རྒྱ་གར་ནང་གནས་ཐུབ་པ་ཙམ་མ་ཟད། ཆོས་དང་འཇིག་རྟེན་གང་གི་ཐོག་ནས་ཡིན་ན། ཡར་རྒྱས་གོང་འཕེལ་དུ་འགྲོ་དང་འགྲོ་བཞིན་པ་ནི། གཙོ་བོ་༸རྒྱལ་བ་རིན་པོ་ཆེ་རང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པ་རེད་ཅེས་དང་། ཡང་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་ཁོང་དགུང་ན་མཐོན་པོར་ཕེབས་ཏེ་སྐུ་གཟུགས་རྒུད་འགྲོ་བ་རང་བཞིན་ཆོས་ཉིད་ཡིན་ནའང་། ཐུགས་སེམས་རྒན་པ་ཡིན་པའི་སྣང་བ་མེད་པར། ད་ལྟའང་ལོ་གཞོན་གཞོན་ཡིན་བསམ་པའི་སྣང་བ་འཁོར་གྱི་ཡོད་པས། ངོས་རང་རྒྱུན་རིང་པོར་འཚོ་ཐུབ་པའི་སེམས་ཤུགས་དང་གདེང་གནང་གི་ཡོད་”ཅེས་བཀའ་སྩལ་གནང་འདུག

དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་དང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་སྒོའི་ཐོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་ལགས་གཙོས་པའི་སྐུ་མགྲོན་ཁག་ཅིག་ལྷན་བཞུགས་གནང་ཡོད་པ་རེད་འདུག

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎