ཁེ་ཏ་ལོ་ནི་ཡའི་སྲིད་འཛིན་སྐྱབས་བཅོལ་ཞུ་ཡི་མེད་པ།


2017.11.01
ཁེ་ཏ་ལོ་ནི་ཡའི་སྲིད་འཛིན་སྐྱབས་བཅོལ་ཞུ་ཡི་མེད་པ། ཁེ་ཏ་ལོ་ནི་ཡའི་ནང་གསལ་བསྒྲགས་བྱས་པའི་འོས་བསྡུའི་གྲུབ་འབྲས་ལ་དང་ལེན་བྱ་ཕྱོགས་ལ་རྟོག་ཞིབ་བྱ་རྒྱུ།
ཨེ་ཨེཕ་པི།

Cataloniaརང་སྐྱོང་མངའ་ཁུལ་གྱི་དབུ་ཁྲིད་ཚོས་རང་བཙན་གསལ་བསྒྲངས་གྱི་རྗེས་Spain གིས་རྩ་འགྲོལ་བཏང་བའི་Catalonia སྲིད་འཛིན་Carles Puigdemontམཆོག་དང་ཁོང་གི་ཕྱག་འབྲེལ་བཀའ་བློན་མི་ལྔ་ཉེ་ཁུལ་Belgium རྒྱལ་ཁབ་ནང་འབྱོར་ཡོད་པ་དང་། ཁོང་རྣམ་པས་Spain གཞུང་གིས་Catalonia ནང་གསལ་བསྒྲགས་བྱས་པའི་འོས་བསྡུའི་གྲུབ་འབྲས་ལ་དང་ལེན་བྱ་ཕྱོགས་ལ་རྟོག་ཞིབ་བྱ་རྒྱུ་དང་དེའི་བར་སྐྱབས་བཅོལ་ཞུ་རྒྱུའི་འདུན་པ་གང་ཡང་མེད་པ་གསུངས་ཡོད་པ་རེད།
Cataloniaམངའ་ཁུལ་དེ་ནི་Spainགི་མངའ་འོག་ཐོན་སྐྱེས་བཟང་ཤོས་ཤིག་དང་ཚད་མཐོའི་རང་སྐྱོང་གི་དབང་ཆ་ཡོད་པའི་མངའ་ཁུལ་ཞིག་ཡིན་པ་དང་Spain གཞུང་གིས་མངའ་ཁུལ་དེ་རང་དབང་རང་བཙན་བྱ་རྒྱུར་མོས་མཐུན་མེད་བཞིན་དུ་ས་གནས་སྲིད་གཞུང་གི་དབུ་ཁྲིད་ཚོས་མང་ཚོགས་ལ་རང་བཙན་བྱ་དགོས་མིན་གྱི་ཐད་ཕྱི་ཟླ་༡༠པའི་ཚེས་༡ཉིན་བསམ་ཤོག་བསྡུ་ལེན་བྱས་པའི་ནང་མངའ་ཁུལ་མང་ཚོགས་བརྒྱ་ཆ་༤༣གིས་བསམ་ཤོག་བསྡུ་ལེན་གྱི་ནང་ཆ་ཤས་ལེན་ཡོད་པ་དང་ཆ་ཤས་ལེན་མཁན་མང་ཚོགས་བརྒྱ་ཆ་༩༠ཡིས་རང་བཙན་གཙང་མ་གསལ་བསྒྲགས་དགོས་པའི་འོས་འཕེན་གནང་ཡོད་པ་རེད།
Catalonia རང་སྐྱོང་མངའ་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཚོས་མང་ཚོགས་ཀྱི་མངོན་འདོད་ལྟར་རང་བཙན་གསལ་བསྒྲགས་ཀྱི་རྗེས་Spain གཞུང་གིས་རང་སྐྱོང་མངའ་ཁུལ་གྱི་སྲིད་གཞུང་རྩ་འགྲོལ་བཏང་ཡོད་པ་དང་སྲིད་འཛིན་Carles Puigdemontགཙོས་པའི་གཞུང་གི་བློན་ཆེན་མི་སྣ་ཁག་ནས་Spain ནས་ཐ་དད་ཐོན་རྒྱུའི་ཐག་གཅོད་བྱས་པར་བཙོན་འཇུག་གི་ཉེས་ཆད་གཏང་རྒྱུའི་གསལ་བསྒྲགས་ཀྱི་རྗེས་སྲིད་འཛིན་Puigdemont མཆོག་དང་བཀའ་བློན་མི་ལྔ་ཉེ་ཁུལ་Belgium རྒྱལ་ཁབ་ནང་ཉེན་གཡོལ་འབྱོར་ཡོད་པ་རེད།།
གསར་འགོད་པ་བློ་བཟང་ཡེ་ཤེས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎