བོད་དང་ཐེ་ཝེན་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་ཨུ་རུ་སུས་བཤད་འདུག

བོད་དང་ཐེ་ཝེན་གཉིས་ཀ་རྒྱ་ནག་ནས་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པར་ཨུ་རུ་སུའི་གཞུང་གིས་གསལ་བསྒྲགས་སྤེལ་འདུག

2008.05.24

༄༅༎བོད་དང་ཐེ་ཝེན་གཉིས་ཀ་རྒྱ་ནག་ནས་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པར་ཨུ་རུ་སུའི་གཞུང་འབྲེལ་གསལ་བསྒྲགས་ཤིག་ནང་ནན་བརྗོད་གནང་འདུག

དེ་ཡང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡུལ་གཉིས་ཀྱི་དབུ་ཁྲིད་ལྷན་ཚོགས་གནང་བའི་མཇུག་འབྲས་སུ་ཨུ་རུ་སུ་དང་རྒྱ་ནག་གཉིས་ཟུང་སྦྲེལ་ཐོག་ནས་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བ་ཡིན་ལུགས་ཨུ་རུ་སུའི་གཞུང་གིས་འགྲེལ་བརྗོད་གནང་ཡོད་པ་རེད་ ཨུ་རུ་སུའི་ཕྱོགས་ནས་ཐེ་ཝེན་ཐོག་འཛིན་པའི་འགྱུར་བ་མེད་པའི་གཞི་རིམ་དམ་བཅའ་ནི་ ཐེ་ཝན་རྒྱ་ནག་ནས་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་ ཐེ་ཝེན་གྱིས་རྣམ་པ་མི་འདྲ་བའི་རང་བཙན་དང་ རང་དབང་གཙང་མའི་བདག་དབང་ཡོད་པའི་རྒྱལ་ཁབ་ལྟར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ཏུ་འཛུལ་ཞུགས་བྱེད་ཐབས་བྱེད་པ་བཅས་ལ་ཨུ་རུ་སུའི་ངོས་ནས་དགག་པ་བྱེད་ཀྱི་ཡོད་ཅེས་གསལ་བསྒྲགས་དེའི་ནང་བཀོད་ཡོད་པ་རེད་ ཕྱོགས་མཚུངས་ཨུ་རུ་སུ་ངོས་ནས་བོད་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་ བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་པ་མ་ཟད་ བོད་ནང་སྤྱི་ཚོགས་ཀྱི་བརྟན་ལྷིང་རྒྱུན་གནས་ཡོང་ཐབས་སུ་ཁྲིམས་ལུགས་ལག་བསྟར་ཇི་བྱས་ལ་རྒྱབ་སྐྱོར་ཡོད་ཅེས་གཞུང་འབྲེལ་གསལ་བསྒྲགས་དེའི་ནང་བཀོད་ཡོད་པ་རེད་ ཨུ་རུ་སུའི་སྲིད་འཛིན་གསར་པ་ ཌི་མི་ཏྲི་ མཱེ་ཌི་ཝེ་ཌེཝ་ ཡིས་རྒྱ་ནག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་མཇུག་བསྒྲིལ་གནང་ཡོད་ཅིང་ འདི་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་བོད་ནང་ཞི་བའི་གྱེན་ལངས་བྱུང་བར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་སྐྱོན་བརྗོད་ཤིན་ཏུ་དྲག་པོ་གནང་ཡོད་ཀྱང་ཨུ་རུ་སུའི་དབུ་ཁྲིད་ཀྱིས་དེའི་སྐོར་གླེང་སློང་གནང་མེད་པ་རེད་ རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྗེས་ལོའི་ནང་ཨུ་རུ་སུར་གཞུང་འབྲེལ་ཕྱོགས་བསྐྱོད་གནང་རྒྱུའི་གསལ་བསྒྲགས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎