རྐང་འཁོར་སྐོར་སྐྱོད་པར་ཕེབས་བསུ་ཞུས་འདུག


2013.11.10
རིན་པོ་བསྟན་འཛིན་ལགས་རྒྱ་གར་ནང་བོད་དོན་དྲི་བསྒྲགས་ཆེད་རྐང་འཁོར་གནང་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། པདྨ་དངོས་གྲུབ།

༄༅༎བོད་དོན་དྲིལ་བསྒྲགས་ཀྱི་སྐོར་སྐྱོད་གནང་མཁན་རིན་པོ་བསྟན་འཛིན་ལགས་རྒྱ་གར་ལྷོ་ཕྱོགས་སུ་སྦེ་ལ་ཀོ་པི་བོད་མིའི་གཞིས་ཆགས་ནང་ཕེབས་འབྱོར་གནང་སྐབས་ཁུལ་དེའི་ཚོགས་པ་ཁག་དང་། མི་མང་ཀྱིས་ཁོང་ལ་ཕེབས་བསུ་གང་ལེགས་ཞུས་འདུག ཁོང་གིས་དེ་རིང་ནས་སྦེ་ལ་ཀོ་པི་ནང་བོད་དོན་ལས་འགུལ་སྤེལ་རྒྱུ་ཡིན་འདུག  དེ་ཡང་ཨ་རིའི་ནང་བཅའ་བཞུགས་གནང་མཁན་ཨ་མདོ་རྔ་བ་ནས་ཡིན་པའི་རིན་པོ་བསྟན་འཛིན་ལགས་ཀྱིས་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་ཡོ་རོབ་ཀྱི་ཡུལ་གྲུ་བཅུ་གསུམ་ཙམ་ནང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། ཕྱི་ཟླ་བརྒྱད་པའི་ནང་ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ནང་ཡོ་རོབ་ཁུལ་གྱི་ལས་འགུལ་མཇུག་བསྒྲིལ་གནང་ནས་ཨེ་ཤེ་ཡའི་རྒྱལ་ཁབ་ཉི་ཧོང་དང་། དེ་ནས་རིམ་པས་ཧོང་ཀོང་། ཐེ་ཝན་བཅས་སུ་བསྐོར་བསྐྱོད་གནང་རྗེས་ བལ་ཡུལ་དང་།དེ་ནས་ཉིན་ཤས་གོང་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་བྱུང་ཡོད་འདུག  རིན་པོ་བསྟན་འཛིན་ལགས་ཀྱིས་བོད་དོན་དྲིལ་བསྒྲགས་གནང་དགོས་དོན་ནི།བོད་ནང་བོད་མི་ཚོས་མྱོང་བཞིན་པའི་དཀའ་སྡུག་ཕྱི་རྒྱལ་མི་མང་དང་། གཞུང་ལ་གོ་རྟོགས་དྲིལ་བསྒྲགས་དང་རྒྱབ་སྐྱོར་ཡོང་ཐབས་དང་། དེ་བཞིན་རྒྱ་གར་དང་བལ་ཡུལ་ནང་བོད་དོན་ཆེད་རང་ལུས་མེར་སྲེག་གནང་མཁན་ཚོའི་ཆེད་དགོན་པ་ཁག་ལ་ཕེབས་ནས་སྨོན་ལམ་གསོལ་འདེབས་ཞུ་རྒྱུའི་ལས་འགུལ་སྤེལ་རྒྱུ་དེ་ཡིན་ལུགས་གསུངས་བཞག  རིན་པོ་བསྟན་འཛིན་ལགས་ཀྱིས་རྒྱ་གར་ནང་གི་ལས་འགུལ་ཆ་ཚང་གྲུབ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁར་བཅར་རྒྱུའི་གོ་སྐབས་ཐོབ་པ་གནང་རྒྱུ་ཡིན་འདུག ད་བར་ལས་འགུལ་གང་སྤེལ་བ་རྣམས་ཀྱི་དེབ་ཞིག་༸གོང་ས་མཆོག་དང་།འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས། དེ་བཞིན་ཡོ་རོབ་གྲོས་ཚོགས་ལ་འབུལ་འཆར་ཡོད་ལུགས་གསུང་བཞག  ཞིབ་ཕྲའི་གསར་འགྱུར་གྱི་རྗེས་སུ་རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང༌༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎