ཁོར་ཡུག་སྲུང་སྐྱོབ་པ་རིན་ཆེན་བསམ་གྲུབ་ལགས་གློད་བཀྲོལ།


2014.08.09
ཁོར་ཡུག་སྲུང་སྐྱོབ་པ་རིན་ཆེན་བསམ་གྲུབ་ལགས་གློད་བཀྲོལ། ཁོར་ཡུག་སྲུང་སྐྱོབ་པ་རིན་ཆེན་བསམ་གྲུབ་ལགས།
འོད་ཟེར།

༄༅༎ཁོར་ཡུག་སྲུང་སྐྱོབ་པ་རིན་ཆེན་བསམ་གྲུབ་ལགས་རྒྱལ་ཁབ་ཁ་བྲལ་གཏོང་མཁན་གྱི་ཉེས་འཛུགས་འོག་ལོ་ལྔའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ནས་ཁ་ས་ཕྱི་ཟླ་༨་པའི་ཚེས་བརྒྱད་ཉིན་ལྷ་ས་བཙོན་ཁང་ནས་གློད་བཀྲོལ་བཏང་འདུག    ཁོང་གི་སྤུན་ཆུང་བ་འཇིགས་མེད་རྣམ་རྒྱལ་ལགས་ལ་ངལ་རྩོལ་བསྒྱུར་བཀོད་ཀྱི་བཙོན་འཇུག་ཟླ་བ་ཉི་ཤུ་རྩ་གཅིག་གི་ཁྲིམས་ཐག་བཅད་དེ་བཙོན་འཇུག་བྱས་པ་ཡང་དེ་སྔོན་གློད་བཀྲོལ་ཐོབ་ཡོད་པ་རེད།     བུ་སྤུན་འབྲིང་བ་ཀརྨ་བསམ་སྒྲུབ་ལགས་ལ་ཚབས་ཆེའི་ཇག་བཅོམ་གྱི་ནག་ཉེས་བསགས་ལུགས་ཀྱི་གྱོད་གཞིའི་འོག་ལོ་བཅོ་ལྔའི་བཙོན་དུས་ཁྲིམས་ཐག་བཅད་དེ་བཙོན་རའི་ནང་ལྷུངས་ཡོད་པ་རེད།    རིན་ཆེན་བསམ་གྲུབ་ལགས་དང་འཇིགས་མེད་རྣམ་རྒྱལ་བཅས་རྣམ་གཉིས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་བ་སྤེལ་བའི་ཉེས་འཛུགས་བྱས་ཡོད་ཅིང་།     ཁོང་བུ་སྤུན་གསུམ་གྱིས་ཁམས་ཨ་ཆུང་སེང་གེ་གནམ་རྫོང་དང་བླངས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞེས་པ་བཙུགས་ཤིང་། རྒྱ་ནག་གི་ལས་བྱེད་པ་དག་གིས་ཡུལ་དེའི་རི་སྐྱེས་སྲོག་ཆགས་རྣམས་འདེད་བཞིན་པའི་སྐོར་ཞུ་གཏུགས་བྱས་པར་བརྟེན་འཛིན་བཟུང་བྱས་འདུག     རྒྱ་ནག་གཞུང་གིས་ཁོང་གཉིས་ཀྱིས་ཁྲིམས་འགལ་གྱི་ཐོག་ནས་ཁོར་ཡུག་དང་འབྲེལ་བའི་གནས་ཚུལ་བསྡུ་རུབ་བྱས་ཤིང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་ཀ་བྱས་ཚུལ་གྱི་ཉེས་འཛུགས་བྱས་ཡོད་པ་རེད། བུ་སྤུན་འབྲིང་བ་ཀརྨ་བསམ་འགྲུབ་ལགས་ལ་མི་ལོ་༡༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།    ཁོང་ནི། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་དང་། དུས་རྒྱུན་ཚོང་ལས་གཉེར་མཁན་གྱི་ཚོང་པ་སྟོབས་ཆེན་ཞིག་ཡིན་པ་རེད།    ཀརྨ་བསམ་འགྲུབ་ལགས་ལ་མི་ལོ་༡༥ རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་མ་ཟད། ཆབ་སྲིད་ཁེ་དབང་ལོ་༥ ཕྲོགས་པ་དང། རྒྱ་སྒོར་༡༠༠༠༠ ཉེས་ཆད་བཏང་ཡོད་པ་རེད༎

གསར་འགོད་པ་ཚེ་བརྟན་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎