དགེ་རྒན་རིན་ཆེན་སྐྱིད་ལགས་དམ་དྲག་གསང་རྒྱ་དམ་པོའི་འོག་ཀློད་གྲོལ་བཏང་ཡོད་ཀྱང་ཁོ་མོའི་འཕྲོད་བསྟེན་གནས་སྟངས་ཤེས་རྟོག་ཐུབ་ཀྱི་མེད་པ་རེད།

2022.04.26
དགེ་རྒན་རིན་ཆེན་སྐྱིད་ལགས་དམ་དྲག་གསང་རྒྱ་དམ་པོའི་འོག་ཀློད་གྲོལ་བཏང་ཡོད་ཀྱང་ཁོ་མོའི་འཕྲོད་བསྟེན་གནས་སྟངས་ཤེས་རྟོག་ཐུབ་ཀྱི་མེད་པ་རེད།
མཐུན་འགྱུར་པར་རིས།

ཕྱི་ཟླ་༤་ཚེས་༢༤ཉིན་གྱི་བོད་ནང་གི་དགུང་དྲོའི་ཆུ་ཚོད་༨ཙམ་ལ་རྒྱ་ནག་གཞུང་གིས་སྔར་ལོ་འཛིན་བཟུང་བྱས་པའི་མགོ་ལོག་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་རིན་ཆེན་སྐྱིད་ལགས་ཀློད་གྲོལ་བཏང་ཡོད་པ་དང་། ཁོ་མོ་རླངས་འཁོར་གཉིས་དང་ཉེན་རྟོག་ཁག་ཅིག་གིས་རང་ཁྱིམ་གྱི་སྒོ་རའི་ནང་བར་དུ་རྗེས་འདེད་ཀྱིས།ཧ་ཅང་གསང་རྒྱ་དམ་པོས་ངང་ཁྱིམ་དུ་འཛུལ་བཅུག་ཡོད་པ་ལས། ཁྱིམ་མཚེས་གཡས་གཡོན་ལ་ཤེས་རྟོག་དང་ཕེབས་བསུ་རིགས་གང་ཡང་བྱེད་བཅུག་མེད་སྐོར། བཙན་བྱོལ་ནང་གནས་སྡོད་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་དགུང་དྲོ་དེར་རིན་ཆེན་སྐྱིད་ཚང་གི་སྒོ་ཁར་རླངས་འཁོར་དང་ཉེན་རྟོག་པ་ཡོང་ཡོད་སྟབས། འབྲེལ་ཡོད་ཁྱིམ་མཚེས་ཚོས་ཡང་བསྐྱར་གནད་དོན་ཞིག་བྱུང་བ་མིན་ནམ་བསམ་ནས་བལྟ་རུ་འགྲོ་སྐབས། ཉེན་རྟོག་པའི་རླངས་འཁོར་གཅིག་གི་ནང་དུ་རིན་ཆེན་སྐྱིད་ལགས་མར་བབས་ཏེ་ཁྱིམ་དུ་འཛུལ་སོང་བ་ལས། གཞན་ཉེན་རྟོག་པས་ཉེ་སར་བཅར་བ་དང་གནས་ཚུལ་རྒྱུས་ལོན་རིགས་གང་ཡང་བྱེད་བཅུག་གི་མེད་པ་མ་ཟད། ཁོ་མོ་ས་གནས་གང་ཞིག་ནས་འཁྲིད་ཡོང་བ་ཡང་ཤེས་རྟོག་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་།

དགེ་རྒན་རིན་ཆེན་སྐྱིད་ལགས་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༧ནང་སེང་འབྲུག་སྟག་རྩེ་སྒེར་སློབ་གྲྭ་སྒོ་བརྒྱབ་པ་དང་འབྲེལ། ལོ་དེའི་ཕྱི་ཟླ་༨་ཚེས་༡ཉིན་དགེ་རྒན་རིན་ཆེན་སྐྱིད་ལགས་སུ་སྨྱོ་ནད་ཡོད་པས་སྨན་ཁང་དུ་ཁྲིད་དགོས་སྐོར་དང་། རྗེས་སུ་ཁོ་མོར་རྒྱལ་ཁབ་ཁ་བྲལ་གྱི་ཉེན་མིང་གཡོག་སྟེ་རང་ཁྱིམ་དུ་འཛིན་བཟུང་བཙན་ཁྲིད་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་ལ། ད་ལྟའི་ཆར་ཁོ་མོའི་འཕྲོད་བསྟེན་གནས་སྟངས་དང་འདས་པའི་ཟླ་ངོ་དེ་དག་རིང་ས་གནས་གང་དུ་བཀག་ཉར་དང་བཙོན་མཇུག་བྱས་མིན་སོགས་གསལ་ཁ་གང་ཡང་མེད་པ་ཆགས་ཡོད་པ་རེད་ལ། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་རྒྱ་ནག་གཞུང་གིས་ད་ལྟའི་ཆར་ཁོ་མོ་ཀློད་གྲོལ་བཏང་ཡོད་ན་ཡང་། གཙོ་བོ་བོད་མི་དེ་དག་ས་གནས་གང་ཞིག་ཏུ་གསང་བའི་ངང་བཀག་ཉར་དང་། སློབ་གསོ་ག་རེ་སྤྲོད་བཞིན་ཡོད་པ་ཤེས་རྟོག་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་བྱུང་།

དགེ་རྒན་རིན་ཆེན་སྐྱིད་ལགས་ནི་འདི་ལོ་ལོ་ན་༤༢་ཡས་མས་ཡིན་པ་དང་། ཁོ་མོ་ལོ་ངོ་༢༠ལྷག་གི་ལོ་རྒྱུས་ཡོད་པའི་སེང་འབྲུག་སྟག་རྩེ་སློབ་གྲྭ་དབུ་བརྙེས་ནས་ཅུང་ཙམ་ལས་མ་འགོར་བར་སློབ་གྲྭ་དེར་དགེ་རྒན་བྱས་ཡོད་པ་དང་། ཁོ་མོས་སློབ་གྲྭ་དེའི་འཛིན་རིམ་གཉིས་པ་དང་གསུམ་པར་བོད་ཡིག་དང་ཨང་རྩིས་ཁྲིད་མྱོང་ཡོད་པ་དང་། ད་ལྟ་ཁོ་མོའི་ཤུལ་དུ་ཨ་མ་དང་བཟའ་ཟླ། ལོ་ན་༡༤ཅན་གྱི་བུ་མོ་ཞིག་བཅས་ཡོད་འདུག

 

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎