ལྷོ་ཨ་ཕི་རི་ཀའི་གྲོས་ཚོཌ་མདུན་ངོ་རྒོལ་ལས་འགུལ།

ལྷོ་ཨ་ཕེ་རི་ཀའི་ཚོགས་པ་དང་མི་སྒེར་བཅས་མི་གྲངས་༥༠ཡིས་མར་མེའི་ཁྲོམ་སྐོར་གྱི་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

2011.10.04

༄༅༎ཕྱི་ཟླ་བཅུ་པའི་ཚེས་༣ རེས་གཟའ་ཟླ་བའི་ཕྱི་དྲོ་ལྷོ་ཨ་ཕེ་རི་ཀའི་ཚོགས་པ་དང་མི་སྒེར་བཅས་མི་གྲངས་༥༠ ཡིས་ལྷོ་ཨ་ཕེ་རི་ཀིའི་གྲོས་ཚོགས་མདུན་འདུ་འཛོམས་ཀྱིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཕེ་རི་ཀར་ཆིབས་བསྒྱུར་བསྐྱང་རྒྱུར་ཐོངས་མཆན་ འབུལ་དགོས་ཞེས་མར་མེའི་ཁྲོམ་སྐོར་གྱི་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
དེ་ཡང་རྒྱལ་སྤྱིའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨ་ཕེ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་མཆོག་དགུང་གྲངས་༨༠ ཕེབས་པའི་འཁྲུངས་སྐར་མཛད་སྒོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་ཡོང་བའི་གདན་ཞུ་ཕུལ་ཡོད་པ་དང༌། ཁོང་གི་འཁྲུངས་སྐར་ནི་ཕྱི་ཟླ་བཅུ་པའི་ཚེས་༧རེས་གཟའ་པ་སངས་ཉིན་ཟིན་གྱི་ཡོད་ཀྱང༌། ད་དུང་ལྷོ་ཨ་ཕེ་རི་ཀའི་གཞུང་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡེ་ཤུའི་ཆོས་དཔོན་གྱི་འཁྲུངས་སྐར་ལ་ཆིབས་བསྒྱུར་བསྐྱང་རྒྱུར་ཐོངས་མཆན་འབུལ་མེད་པ་རེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་རེས་ལྷོ་ཨ་ཕེ་རི་ཀར་ཌེ་སི་མེན་ཀྲུ་ཀྲུ་མཆོག་གི་འཁྲུངས་སྐར་མཛད་སྒོར་ཆིབས་བསྒྱུར་བསྐྱང་རྒྱུ་མ་ཟད། ལྷོ་ཨ་ཕེ་རི་ཀའི་གྲོང་ཁྱེར་ཀེཔ་ཀྲའོན་དུ་ཚོགས་རྒྱུའི་རྒྱལ་སྤྱིའི་ཞི་བདེའི་ཚོགས་འདུའི་དབུ་འབྱེད་མཛད་རྒྱུ་དང༌། ལྦིཏ་ལྦ་ཏར་སི་རེནདྲ་གཙུག་ལག་སློབ་གྲའི་ནང་གསུང་བཤད་གནང་རྒྱུའི་གསོལ་འདེབས་ཞུས་ཡོད་པ་རེད།
རེས་གཟའ་ཟླ་བའི་ཉིན་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་མཆོག་གི་ཞི་བདེའི་ལྟེ་གནས་ཁང་སོགས་གནད་ཡོད་ཚོགས་པ་ཁག་གིས། ལྷོ་ཨ་ཕེ་རི་ཀའི་གཞུང་ལ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་ལ་ཐོངས་མཆན་འབུལ་མིན་དེ་རིང་ནང་ཚུད་ལ་ལན་དགོས་ཞེས་དགོས་འདུན་བཏོན་ཡོད་པ་མ་ཟད། ཌེ་སི་མེན་ཀྲུ་ཀྲུ་མཆོག་གི་ཞི་བདེ་ལྟེ་གནས་ཁང་གི་མགྲིན་ཚབ་པ་ནོམ་ཕུན་ཌོ་ལྦ་ལ་ཛ་ཞུ་བས། ང་ཚོའི་རྒྱལ་ཁབ་ཀྱི་རིན་ཐང་ཨ་མི་རི་ཀ་དང་རྒྱ་ནག་ལས་རྩ་ཆེར་འཛིན་དགོས་ཀྱི་རེད་ཅེས་དང༌། དེ་བཞིན་ངོ་རྒོལ་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ཆེད་ལས་མི་སྣ་ཞིག་གིས། ཌེ་སི་མེན་ཀྲུ་ཀྲུ་མཆོག་ནི་ལྷོ་ཨ་ཕེ་རི་ཀའི་རྒྱལ་ཁབ་རང་དབང་འཐབ་རྩོད་ནང་ཐུགས་འགན་བཞེས་མཁན་གཙོ་བོ་ཞིག་ཡིན་པ་དང༌། ཁོང་གི་གྲོགས་པོ་གདན་ཞུ་བྱ་རྒྱུའི་ཐོབ་ཐང་བཀག་འགོག་བྱས་པར་སོང་ལྷོ་ཨ་ཕ་རི་ཀའི་གཞུང་གིས། རྒྱ་ནག་གི་གནོན་ཤུགས་ལ་མགོ་སྒུར་རྒྱུ་ཡོད་པ་མ་རེད་ཅེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎