རི་ཆ་དྲི་གིཡར་གྱིས་དཔལ་འབྱོར་བསྡུ་རུབ་ཐོག་གསུངས་བཤད།
2009.11.22
༄༅༎སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་དང་བོད་དོན་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཨ་རིའི་གློག་བརྙན་སྒྱུ་རྩལ་ཁྲབ་སྟོན་གྲཌ་ཅན་རི་ཆ་དྲི་གིཡར་རྣམ་གཉིས་ཀྱིས་ཟླ་བ་རྗེས་མའི་ནང་བོད་དོན་ཆེད་ཀྱི་ལོ་རེའི་དཔལ་འབྱོར་བསྡུ་རུབ་གཅིག་ཐོག་གསུངས་བཤད་གནང་འཆར་འདུག དེ་ཡང་ཁ་ས་ཨེསི་ཨེཕ་གེཏ་ཞེས་པས་གནས་ཚུལ་སྤེལ་དོན་ལྟར་ན་ཟླ་བ་རྗེས་མའི་ཕྱི་ཚེས་བརྒྱད་ཉིན་ཨ་མེ་རི་ཀའི་ནུབ་ཕྱོཌ་མངའ་སྡེ་ཀེ་ལི་ཕོར་ནིའི་གྲོང་ཁྱེར་སེན་ཕེ་རེན་སིསི་ཀོའི་ནང་ཨ་མེ་རི་ཀེན་ཧི་མ་ལ་ཡན་ཞེས་པའི་ཐེབས་རྩ་ཁང་གི་དཔལ་འབྱོར་བསྡུ་བཀོད་ཆེད་ཀྱི་དགོང་དྲོའི་གསལ་སྟོན་སྒྲིག་གཤོམ་ཞིག་གོ་སྒྲིག་ཞུ་རྒྱུའི་ཐོག་ཨ་རིའི་ནང་བཅའ་བཞུཌ་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིཌ་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་དང་རྒྱུན་རིང་ནས་བོད་དོན་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཨ་རིའི་གློག་བརྙན་སྒྱུ་རྩལ་ཁྲབ་སྟོན་སྙན་གྲཌ་ཅན་རི་ཆ་དྲི་གིཡར་རྣམ་གཉིས་ཀྱིས་བཀའ་སློབ་གསུངས་བཤད་གནང་འཆར་འདུག ཕྱི་ཟླ་བཅུ་གཉིས་ཚེས་བརྒྱད་ཉིན་གྱི་དགོང་དྲོའི་གསོལ་སྟོན་དེའི་གཙོ་བོ་དུས་ནམ་ཡང་བློས་གཏོང་རྒྱུ་མིན་པའི་བོད་དང་དེ་ནས་ང་ཚོར་བསླབ་བྱ་ག་རེ་ཐོབ་རྒྱུ་ཡིན་མིན་གྱི་སྙིང་དོན་བཅངས་རྒྱུ་དང་དཔལ་འབྱོར་བསྡུ་རུབ་ཀྱི་ལས་དོན་དེ་ནས་བྱུང་བའི་ཡོང་བབས་ཡོངས་རྫོཌ་བོད་མིའི་ཤེས་ཡོན་དང་འཕྲོད་བསྟེན་དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་བརྒྱུད་འཛིན་དང་ཉམས་པ་སླར་གསོའི་ཆེད་གཏོང་རྒྱུ་ཡིན་པའི་གནས་ཚུལ་བཀོད་འདུག གོང་ཞུས་ཐེབས་རྩ་ཁང་གི་ཚོཌ་གཙོ་ནི་ཨ་མེ་རི་ཀའི་གྲོས་ཚོཌ་གོང་མའི་འཐུས་མི་ལྕམ་ཌ་ཡེན་ཕའེན་སི་ཀྲའེན་མཆོག་གི་སྐུ་ཟླ་རི་ཆ་དྲི་སྦུ་ལུམ་མཆོག་ཡིན་པ་དང་འགན་འཛིན་ལྷན་ཚོཌ་ཁོངས་སུ་ཨ་རིའི་གློག་བརྙན་ཁྲབ་སྟོན་པ་གྲཌ་ཅན་ལྕམ་ཤེ་རེན་སི་ཀྲོན་སོགས་ཡོད་པ་རེད།