རི་ཆརཌི་གྷིཡར་ (Richard Gere) ལཊ་སུ་སི་པེན་གྱི་གློག་བརྙན་ལས་ཁང་གི་བྱ་དགའ་ཆེ་ཤོས་དེ་འབུལ་གཏན་འཁེལ་འདུག

2025.02.01
རི་ཆརཌི་གྷིཡར་ (Richard Gere) ལཊ་སུ་སི་པེན་གྱི་གློག་བརྙན་ལས་ཁང་གི་བྱ་དགའ་ཆེ་ཤོས་དེ་འབུལ་གཏན་འཁེལ་འདུག Richard Gere ལགས་སུ་སི་པེན་གྱི་གློག་བརྙན་ལས་ཁང་གི་བྱ་དགའ་ཆེ་ཤོས་དེ་འབུལ་གཏན་འཁེལ་འདུག
སྒྲིག་བཟོ།

ཕྱི་ཟླ་༡ ཚེས་༣༠ རེས་གཟའ་ཕུར་བུའི་ཉིན་སི་པན་གྱི་གློག་བརྙན་ལས་ཁང་གིས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་ཕྱི་ཟླ་༢ ཚེས་༨ ཉིན་སི་པན་གྱི་ལྷོ་ཕྱོགས་སུ་ཡོད་པའི་གྲོང་ཁྱེར་གིརཱ་ན་ཌ་ (Granada) ནས་རྒྱལ་ ཡོངས་སུ་བརྙན་འཕྲིན་ཐོག་སྟོན་རྒྱུའི་མཛད་སྒོའི་ཐོག་དགུང་ལོ་ ༧༥ ལ་ཕེབས་པ་Richard Gere ལགས་སུ་གྷོ་ཡ་བྱ་དགའ་ (Goya Award) རྒྱལ་སྤྱིའི་བྱ་དགའ་དེ་འབུལ་བཞེས་གནང་གཏན་འཁེལ་ཡོད་པ་བརྗོད་འདུག

སི་པན་གྱི་གློག་བརྙན་ལས་ཁང་དེས་རི་ཆརཌི་གྷིཡར་ (Richard Gere) ལགས་ཀྱིས་འཁྲབ་གནང་པའི་ཨ་རིའི་གློག་བརྙན་པིརི་ཊི་ཝོ་མཎ་ (Pretty Woman) དང་ཨ་མེ་རི་ཀན་གྷིག་ལོ་ (American Gigolo) ལྟ་བུའི་འཛམ་གླིང་ཁྱོན་ཡོངས་སུ་སྙན་གྲགས་བྱུང་བའི་གློག་བརྙན་དེ་འདྲ་འཁྲབ་ནས་གློག་བརྙན་བཟོ་སྐྲུན་གྱི་སྒྱུ་རྩལ་ལ་ཕུལ་དུ་བྱུང་བའི་བྱས་རྗེས་ཆེན་པོ་བཞག་ཡོད་པར་བསྔགས་བརྗོད་གནང་འདུག  དེ་བཞིན་ཁོང་གི་གློག་བརྙན་ཙམ་མིན་པར་སྐྱབས་བཅོལ་བ་དང་། ཁྱིམ་མེད་པ་རྣམས་ཀྱི་དཀའ་ངལ་ཁག་ལ་གདོང་ལེན་ཆེད་ཁོང་གིས་སྒེར་དང་ཆེད་ལས་ཐོག་ནས་སྤྱི་ཚོགས་ལ་ཕན་པའི་ཕྱག་ལས་གནང་བ་ཁག་ལ་བསྔགས་བརྗོད་གནང་ཐོག་ཁོང་གིས་བོད་ཀྱི་རང་སྲིད་རང་སྐྱོང་དང་། རིག་གཞུང་མི་ཉམས་བརྒྱུད་འཛིན་ཡོང་ཐབས་སུ་ལས་འགུལ་སྣ་མང་ཞིག་སྤེལ་ཡོད་པ་བརྗོད་བཞག

སྐུ་ཞབས་རི་ཆརཌི་གྷིཡར་ (Richard Gere) ལགས་ནི་རྒྱུན་རིང་ནས་བོད་དོན་ལས་འགུལ་སྤེལ་མཁན་གྱི་བོད་པའི་གྲོགས་པོ་ཞིག་ཡིན་པ་དང་། ཁོང་གིས་ཡང་སེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཡང་ཞུ་བཞིན་པ་རེད།

ཨ་རིའི་གློག་བརྙན་ཁྲབ་སྟོན་པ་སྙན་གྲགས་ཅན་རི་ཆརཌི་གྷིཡར་ (Richard Gere) ལགས་དང་། ཁོང་གི་སྐུ་ཟླ་སི་པན་ཎི་ཤི་ཡིན་པ་ལོ་ན་༤༡ ལ་སོན་པ་ཨེལེ་ཧེན་དྲ་ སིལ་ཝ་ (Alejandra Silva) དང་བུ་ཕྲུག་གཉིས་བཅས་སྔ་ལོ་སི་པན་གྱི་མེ་ཌིརིཌི་ (Madrid) གྲོང་ཁྱེར་ནང་གཞིས་སྤོས་གནང་ཡོད་པ་རེད། ཁོང་གིས་ང་ཚོ་ནི་སི་པན་ནང་དེ་སྔ་ལས་ཧ་ཅང་བདེ་སྐྱིད་ཆེ་བའི་ངང་གནས་ཡོད་ཞེས་ཨེལི་ (Elle) དུས་དེབ་ཀྱིས་ཁོང་ལ་བཅར་འདྲི་ཞུས་པའི་ལན་དུ་གསུངས་ཡོད་པ་རེད།། 

གསར་འགོད་པ། ཚེ་དབང་དངོས་གྲུབ།

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎