ཨ་རིའི་གྲོས་ཚོཌ་སུ་བོད་དོན་ཉན་ཞིབ་ཚོཌ་འདུ།

སྐུ་ཞབས་རི་ཆདྲ་གིཡར་ཡིས་ཨ་རི་གཞུང་ལ་བོད་ཀྱི་གནད་དོན་ཐོག་ད་དུང་ཡང་རོགས་རམ་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ།

2011.06.03

༄༅༎ཨ་རིའི་སྙན་གྲགས་ཆེ་བའི་གློག་བརྙན་འཁྲབ་སྟོན་་མཁན་སྐུ་ཞབས་རི་ཆདྲ་གིཡར་(Richard Gere)ཡིས་ ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་ལ་ ཨ་རི་གཞུང་གིས་བོད་ཀྱི་གནད་དོན་ཐོག་ད་དུང་ཡང་རོགས་རམ་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་དགོས་པའི་སྐུལ་མ་གནང་ཡོད་པ་རེད་

ཁ་ས་གཟའ་ཕུར་བུའི་ཉིན་ ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གི་ཉན་ཞིབ་ལྷན་ཚོགས་ཐོག  ཨ་རིའི་ནང་བརྙན་གྲགས་ཆེ་བའི་གློག་བརྙན་འཁྲབསྟོན་པ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རི་ཆདྲ་གིཡར་ཡིས་ ཉེ་བའི་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་སློབ་འཁྲིད་བྱེད་ཡས་དང་ བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བྱ་བ་སྤེལ་རྒྱུར་དམ་བསྒྲཌ་ཀྱི་་སྲིད་ཇུས་གཏན་འབེབས་བྱས་ནས་བོད་མི་གང་བྱུང་གིས་འཇུ་བཟུང་བྱེད་ཀྱི་ཡོད་པ་སོགས་གནས་ཚུལ་མང་པོ་ཞིག་གི་ཐོག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་མཚོན་རྟགས་ཐོན་བཞིན་ཡོད་པའི་ཉེན་བརྡ་བཏང་གནང་བ་དང་སྦྲགས་ ཨ་རིའི་སྲིད་འཛིན་སྦ་རཀ་ཨོའོ་བ་མ་གཞུང་གིས་པེ་ཅིན་གཞུང་ལ་ག་ཚོད་ཀྱིས་བསྟུན་མཁས་བྱས་ཀྱང་དེ་ལས་ལྡོག་པ་རྒྱ་ནག་གིས་ཁེ་བཟང་ལེན་ཐབས་བྱེད་ཀྱི་ཡོད་ཅིང་ དེར་བརྟེན་ཨ་རིས་ངེས་པར་དུ་རྣམ་འགྱུར་བརྟན་པོའི་ཐོག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པའི་སྐོར་གསུང་འདུག་ལ་ སྐུ་ཞབས་རི་ཆདྲ་གིཡར་ཡིས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གི་ཉན་ཞིབ་ཐོག་ རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨ་རིའི་དོན་གཅོད་ལས་ཁང་གསར་འཛུཌ་་གནང་རྒྱུ་ཁས་ལེན་མ་བྱས་པར་ ཨ་རི་གཞུང་གིས་རྒྱ་ནག་གི་དགོས་འདུན་བཞིན་ ཨ་རིའི་གྲོང་ཁྱེར་ཨེཏ་ལེན་ཀྲ་དང་སྦོ་སི་ཀྲོན་ ཧོ་ནོ་ལུ་ལུ་སོགས་ནང་རྒྱ་ནག་གི་དོན་གཅོད་ལས་ཁང་འཛུཌ་་རྒྱུར་ཁས་ལེན་གནང་རྒྱུ་མེད་པའི་འབོད་སྐུལ་གནང་ཡོད་པ་མ་ཟད་ ད་ལྟའི་དུས་ཚོད་དེ་ནི་བོད་ཀྱི་གནད་དོན་དེ་ཞི་བའི་ཐབས་ལམ་ཐོག་ནས་ཐག་གཅོད་བྱ་རྒྱུའི་དུས་སྐབས་བཟང་ཤོས་ཤིག་ཡིན་པའི་སྐོར་ཡང་གསལ་སྟོན་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎