རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད།

གློག་བརྙན་འཁྲབ་སྟོན་གྲགས་ཅན་རི་ཆརཌ་གིཡར་ཡིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

2011.06.25

༄༅༎ཨ་མི་རི་ཀའི་ཧོ་ལི་ལྦུཌ་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་བོད་དོན་རྒྱབ་སྐྱོར་བ་རི་ཆརཌ་གིཡར་མཆོག་གིས་རྒྱ་ནག་གིས་བོད་ནང་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག།

སྐུ་ཞབས་རི་ཆརཌ་གིཡར་དེང་སྐབས་ཨེ་ཤེ་ཡའི་ཡུལ་གྲུ་འདྲ་མིན་གྱི་ནང་བོད་དང་འབྲེལ་ཡོད་ཀྱི་དཔར་གྱི་འགྲེམས་སྟོན་ཞིག་གནང་བཞིན་ཡོད་ཅིང་། ལྷོ་ཀོ་རི་ཡའི་རྒྱལ་ས་སོའོལ་དུ་འགྲེམས་སྟོན་དེ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཞིག་བསྐོང་ཚོགས་གནང་པའི་སྐབས།  འདྲ་པར་འདི་དག་ལ་སུ་ཞིག་གིས་བལྟས་ཀྱང་བོད་མིའི་དཀའ་ངལ་ཤེས་རྟོག་མི་ཐུབ་པ་མི་སྲིད་པ་ཞིག་ལ། འདྲ་པར་འདི་དག་བལྟ་སྐབས་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་ངེས་པར་ཤེས་རྟོག་གཏིང་གཟབ་ཐུབ་པ་ཞིག་ཡོང་རྒྱུ་ནི་ངའི་འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ཞིག་ཡིན་ཅེས་གསུངས་ཡོད་པ་རེད།

གནས་མཇལ་ཞེས་འབོད་པ་སྐུ་ཞབས་རི་ཆརཌ་གིཡར་རང་ཉིད་ནས་བོད་དང་རྒྱ་གར་ནང་ལེན་གནང་པའི་འདྲ་པར་ ༦༤ དང་ དེ་མིན་དཔར་པ་གྲགས་ཅན་པ་ཁག་ཅིག་གིས་ལེན་པའི་དཔར་ ༢༤ ཡོད་པའི་འགྲེམས་སྟོན་དེ་ལྷོ་ཀོ་རི་ཡའི་རྒྱལ་ས་སེའོལ་གྱི་སྒྱུ་རྩལ་ལྟེ་གནས་ཁང་དུ་ཕྱི་ཟླ་ ༧ ཚེས་ ༢༤ བར་གཤམ་ཡོད་པ་རེད།

སྐུ་ཞབས་རི་ཆརཌ་གིཡར་ནི་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་ཞིང་བོད་ནང་ཕྱི་ལོ་ ༡༩༩༣ ལོར་ཐེངས་གཅིག་ཕེབས་མྱོང་ཡོད་པ་ལས་དེ་ནས་བཟུང་རྒྱ་ནག་གཞུང་གིས་ཁོང་བོད་ནང་ཕེབས་རྒྱུར་ཐོང་ཆེན་སྤྲོད་ཀྱི་མེད་པ་རེད།

སྐུ་ཞབས་རི་ཆརཌ་གིཡར་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སློབ་ནང་པ་ཞིག་ཀྱང་ཡིན་ལ་ཁོང་ས་གནས་གང་དུ་ཕེབས་ཀྱང་བོད་དོན་དྲིལ་བསྒྲགས་དང་ འཛམ་གླིང་ནང་ཨེཛ་ནད་གཞི་ཁྱབ་བརྡལ་བཀག་སྡོམ་གྱི་ཐད་ཁོང་རང་ཉིད་ཀྱི་མཚན་སྙན་བེད་སྤྱོད་གནང་སྟེ་མང་ཚོགས་ཀྱི་ངོས་ནས་གནས་ཚུལ་ཤེས་རྟོགས་ཐུབ་ཐབས་སུ་འབད་བརྩོན་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་རེད།

ཟླ་བ་འདིའི་ནང་ཁོང་ནས་ཨ་རིའི་གྲོས་ཚོགས་སུ་བོད་དོན་ཉན་ཞིབ་ཞིག་གི་སྐབས་ཨ་རིའི་སྲིད་འཛིན་གྱི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཨ་མེ་རི་ཀའི་རྒྱལ་སར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩོལ་གནང་མཛད་སྐབས་མཇལ་འཕྲད་ངེས་པར་ཞུ་དགོས་སྐོར་དང་། ཨ་མེ་རི་ཀའི་བོད་དོན་ཐད་ཀྱི་དམིགས་བསལ་སྐུ་ཚབ་ཉན་ཞིབ་དེར་མ་ཕེབས་པར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎