རྒྱ་གཞུང་ནས་དྲ་གནས་ཤིག་སྒོ་བརྒྱབས་པ།

རྒྱ་ནག་གཞུང་གིས་དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་ནང་འགྲེམས་སྤེལ་བྱེད་བཞིན་ཡོད་པའི་( ཡན་ཧོང་ཁྲུན་ཆའུ་)ཞེས་པའི་དུས་དེབ་ཀྱི་དྲ་གནས་སྒོ་བརྒྱབས་ནས་མེད་པ་བཟོས་ཡོད་འདུག

2013.01.04

༄༅།    །རྒྱ་ནག་གཞུང་གིས་དུས་དེབ་དེའི་རྩོམ་སྒྲིག་འགན་འཛིན་ལ་དུས་དེབ་དེའི་དྲ་གནས་སྒོ་བརྒྱབས་ནས་མེད་པ་བཟོས་ལུགས་བརྡ་ཐོ་ཞིག་བཏང་བ་ལས་དྲ་རྒྱ་སྒོ་བརྒྱབས་དགོས་དོན་སོགས་འགྲེལ་བཤད་གང་ཡང་བྱས་མེད་པ་དང་།  གནད་དོན་དབྱེ་ཞིབ་པ་ཚོས་དུས་དེབ་དེའི་དྲ་གནས་མེད་པ་བཟོས་དགོས་དོན་ནི།  དུས་དེབ་དེའི་དྲ་གནས་ཐོག་ཕྱི་ལོ་གསར་པའི་ཤིས་ཚིག་འཁོད་པའི་ནང་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་ནང་དོན་འཁོད་ཡོད་པར་བརྟེན་ནས་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།  དུས་དེབ་དེའི་དྲ་གནས་ཐོག་ཕྱི་ལོ་གསར་པའི་ཤིས་ཚིག་རྩོམ་ཡིག་སྤེལ་བའི་ནང་ རྒྱ་ནག་གི་ད་ཡོད་ལམ་ལུགས་མང་པོ་ཞིག་ཁྲིམས་ལུགས་ནང་དོན་དང་མཐུན་གྱི་མེད་པ་ནི་དངོས་ཡོད་གནས་སྟངས་ཤིག་ཡིན་པ་དང་།  དེར་བརྟེན་ད་ལྟའི་རྩ་ཁྲིམས་དེ་བཞིན་ཆ་ཚང་ཡང་དག་པ་ཞིག་མིན་ན་ཡང་།  ད་ཡོད་ཁྲིམས་ལུགས་ནང་དོན་རྣམས་དོན་ཐོག་ཏུ་འཁྱོལ་ཐུབ་ཚེ།  རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་བྱ་རྒྱུར་གོམ་སྟབས་ཆེན་པོ་ཞིག་སྤོ་ཐུབ་རྒྱུ་ཡིན་ལུགས་འཁོད་ཡོད་ཅིང་།  རྩོམ་ཡིག་དེའི་ནང་ད་དུང་།  རྩ་ཁྲིམས་ནང་སྤྱི་འབངས་ཀྱི་ཐོབ་ཐང་སྲུང་སྐྱོབ་དང་།  རྒྱལ་ཁབ་ཀྱི་དབང་ཆར་སྟངས་འཛིན་གྱི་ནང་དོན་མང་པོ་ཡོད་ཀྱང་།  རྩ་ཁྲིམས་དང་དངོས་ཡོད་ལག་བསྟར་བྱ་ཕྱོགས་གཉིས་དབར་བསྡུར་ཚེ།  ལམ་ལུགས་དང་། སྲིད་བྱུས།  ཁྲིམས་ཀྱི་དབང་ཚད།  སྲིད་གཞུང་གི་ལས་དོན་སྤེལ་ཕྱོགས་སོགས་ཕྱོགས་མང་པོ་ཞིག་རྩ་ཁྲིམས་ཀྱི་ནང་དོན་དང་རྒྱབ་འགལ་ཡིན་ཞིང་།  ང་ཚོའི་རྩ་ཁྲིམས་དེ་བཞིན་རྩ་བའི་ཆ་ནས་སྒྲོམ་ལྟ་བུ་ཞིག་ཡིན་པ་དང་།   རྩ་ཁྲིམས་ནང་འཁོད་པ་བཞིན་  རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་དེ་བཞིན་རྒྱ་ནག་གི་ཆེས་མཐོའི་དབང་ཚད་ཆེ་ཤོས་ལས་ཁང་ཞིག་ཏུ་འགྱུར་མེད་པ་ནི། དངོས་ཡོད་གནས་སྟངས་ཡིན་ཞིང་།  དེ་བཞིན་རྩ་ཁྲིམས་ཀྱི་དོན་ཚན་མང་པོ་ཞིག་རྩ་ཁྲིམས་ནང་འཁོད་པ་བཞིན་ལག་བསྟར་བྱེད་ཀྱི་མེད་པ་སོགས་ལ་བརྟེན། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་དང་། ལྐོག་ཟ་རུལ་སུངས་སོགས་ཀྱི་གནས་ཚུལ་མང་དག་ཅིག་ཐོན་གྱི་ཡོད་པ་སོགས་འཁོད་ཡོད་འདུག  །






བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎