ཉི་ཧོང་དང་ཨོསུ་ཁྲི་ལེ་ཡའི་བོད་ཀྱི་དོན་གཅོད་འཕོ་འགྱུར།


2014.04.14
ལྷག་པ་མཚོ་སྒོ་ལཊ་དང་། ལུང་རྟོགས་ལཊ་རྣམ་གཉིས་ཀྱི་པར་རྙིང་ཞིག ལྷག་པ་མཚོ་སྒོ་ལཊ་དང་། ལུང་རྟོགས་ལཊ་རྣམ་གཉིས་ཀྱི་པར་རྙིང་ཞིག
པར། བོད་མིའི་སྒྲིག་འཛུགས

དབུས་བོད་མིའི་སྒྲིག་འཛུཊ་ཀྱི་ཉི་ཧོང་དང་ཨོསུ་ཁྲི་ལེ་ཡའི་ནང་བཅའ་བཞུཊ་སྐུ་ཚབ་དོན་གཅོད་གཉིས་འཕོ་འགྱུར་བྱུང་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། དེང་སྐབས་དབུས་བོད་མིའི་སྒྲིག་འཛུཊ་ཀྱི་བདེ་སྲུང་ལས་ཁང་ལ་དྲུང་ཆེའི་ཕྱག་རོགས་གནང་བཞིན་པ་ལུང་རྟོགས་ལཊ་ བོད་མིའི་སྒྲིག་འཛུགས་ཀྱི་ཉི་ཧོང་གི་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་གནང་ཡོད་པ་དང་། ཁོང་གིས་འདི་ལོའི་ཕྱི་ཟླ་༦་ཚེས་༡༦་ཉིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཀྱི་ཐུཌ་འགན་བཞེས་རྒྱུ་ཡིན་འདུག ལུང་རྟོགས་ལཊ་ཕྱི་ལོ་༢༠༠༦་ལོར་བོད་མིའི་སྒྲིག་འཛུཌ་ཀྱི་སྲི་ཞུའི་ལས་བྱེད་ཁོངས་སུ་ཞུཊ་ནས་ཉི་ཧོང་ནང་བཅའ་བཞུཌ་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་གཞོན་པའི་ཕྱག་ལས་གནང་འདུག དེའི་གོང་གི་ལོ་བཞིའི་རིང་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་ནང་ཕྱག་ལས་གནང་ཡོད་པ་དང་། ཕྱི་ལོ་༢༠༡༣་ལོར་བཞུཊ་སྒར་རྡ་རམ་ས་ལར་ཡོད་པའི་བདེ་སྲུང་ལས་ཁང་ལ་གནས་སྤོ་གནང་འདུག ཉི་ཧོང་གི་ལས་ཐོག་དོན་གཅོད་ལྷག་པ་མཚོ་སྒོ་ལཊ་ཨོསུ་ཁྲི་ལེ་ཡའི་སྐུ་ཚབ་དོན་གཅོད་ལ་གནས་སྤོ་གནང་བ་ལྟར། ཁོང་གིས་ཨོསུ་ཁྲི་ལེ་ཡའི་སྐུ་ཚབ་དོན་གཅོད་ཀྱི་ཐུཊ་འགན་དེ་བཞིན་འདི་ལོའི་ཕྱི་ཟླ་༦་པའི་ཚེས་༢༥་ཉིན་བཞེས་འཆར་འདུག ལྷག་པ་མཚོ་སྒོ་ལཊ་ཕྱི་ལོ་༡༩༨༢་ལོར་རྒྱ་གར་བྱང་ཕྱོཌ་བདེ་སྐྱིད་གླིང་བོད་མིའི་གཞིས་ཆཌ་ཀྱི་འགན་འཛིན་གྱི་ཕྱག་རོགས་གནང་ནས་སྲི་ཞུའི་ལས་བྱེད་ཁོངས་སུ་ཞུཌ་པ་དང་། དེ་ནས་ཉི་ཧོང་ལ་གནས་སྤོས་ཀྱིས་ཕྱི་ལོ་༡༩༨༤་ནས་ཕྱི་ལོ་༢༠༠༡་ལོ་བར་ཕྱག་ལས་གནང་འདུག དེ་རྗེས་ཕྱི་ལོ་༢༠༠༡་ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་བཅའ་བཞུཊ་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་ནང་ཕྱག་ལས་གནང་བ་དང་། ཕྱི་ལོ་༢༠༠༧་ལོར་ཁོང་ཉི་ཧོང་བོད་གཞུང་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་གནང་འདུག ཡང་ཨོསུ་ཁྲི་ལེ་ཡའི་ནང་བཅའ་བཞུཊ་ལས་ཐོག་སྐུ་ཚབ་དོན་གཅོད་དག་པོ་བསོད་ནམ་ནོར་བུ་ལཊ་བཞུཊ་སྒར་རྡ་རམ་ས་ལར་ཡོད་པའི་ཕྱི་དྲིལ་ལས་ཁུངས་ལ་གནས་སྤོ་གནང་ཡོད་པ་དང་། ཁོང་གིས་འདི་ལོའི་ཕྱི་ཟླ་༧་ཚེས་༢་ཉིན་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་གསར་པའི་ཐུཊ་འགན་བཞེས་འཆར་ཡོད་པ་རེད་འདུག  
གསར་འགོད་པ་བསོད་ནམ་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎