སེམས་གསོའི་གསུང་འཕྲིན་དང་ལྷོ་ཀོ་རི་ཡའི་གྲུ་གཟིངས།


2014.04.22
ལྷོ་ཀོ་རི་ཡའི་གྲུ་གཟིངས་ཤིག་མཚོ་ནང་ཡོ་འཀྱོལ་བྱུང་ནས་སྣུབ་བཞིན་པ། ༢༠༡༤།༤།༡༦ ལྷོ་ཀོ་རི་ཡའི་གྲུ་གཟིངས་ཤིག་མཚོ་ནང་ཡོ་འཁྱོལ་བྱུང་ནས་སྣུབ་བཞིན་པ། ༢༠༡༤།༤།༡༦
པར། AFP

ཁ་སྐོང་གསར་འགྱུར>>>

ཟླ༤ཚེས༢༢ཉིན་གྱི་གསར་འགྱུར།
ལྷོ་ཀོ་རི་ཡའི་གོད་ཆཊ་ཐད་༧གོང་ས་མཆོག་གིས་སེམས་གསོའི་གསུང་འཕྲིན་བསྩལ་བ་དང་། ད་དུང་མི་གྲངས་༢༡༥ཡི་གནས་སྟངས་གསལ་ཁ་མེད་པ་རེད།
དེ་ཡང་སྤྱི་ཟླ་༤ཚེས་༡༩ཉིན་༧གོང་ས་མཆོག་ཉི་ཧོང་ནས་བཞུགས་སྒར་ལ་ཞབས་སོར་འཁོད་མ་ཐག་ལྷོ་ཀོ་རི་ཡའི་སྲིད་འཛིན་ལྕམ་སྐུ་པཀ་གྷེན་ཧུའི་Park Geun-hyeམཆོག་ལ་ཉེ་ལམ་ལྷོ་ཀོ་རི་ཡའི་མཚོ་གྲུ་ཡོ་འཁྱོག་བྱུང་བའི་གོད་ཆགས་ཐད་སེམས་གསོའི་གསུང་འཕྲིན་གནང་ཡོད་པ་དང་། ༧གོང་ས་མཆོག་གིས་གོད་ཆགས་ཕོག་མིའི་ཁོངས་མི་གྲངས་༣༥༠ཙམ་སློབ་ཕྲུག་ཡིན་པ་ནི་དེ་བས་བློ་འཚབ་སྐྱེས་པ་ཞིག་དང་། ལོ་ན་ཆུང་བའི་ན་གཞོན་མང་པོ་དེ་དག་གི་ནང་མི་དང་ཉེ་འབྲེལ་རྣམས་ལ་བཟོད་མ་ཐུབ་པའི་གོད་ཆགས་ཆེན་པོ་ཞིག་རེད་ཅེས་དང་། གོད་ཆགས་ཕོག་མི་རྣམས་དང་ལྷོ་ཀོ་རི་ཡའི་སྲིད་འཛིན། མི་མང་རྣམས་ལ་ཐུགས་གསོ་དང་ཐུགས་སྨོན་གནང་རྒྱུ་ཡིན་སྐོར་འཁོད་ཡོད་པ་རེད།
གནས་ཚུལ་ལྟར་ན། བདུན་སྔོན་མར་ལྷོ་ཀོ་རི་ཡའི་མཚོ་གྲུ་ཡོ་འཁྱོག་གིས་མཚོའི་ནང་འཐིམ་པ་པའི་གོད་ཆགས་ཁྲོད་མི་གྲངས་༡༧༤ཉེན་སྐྱོབ་ཐུབ་པ་བྱུང་བ་དང་། མི་གྲངས་༨༧ཡི་ཕུང་པོ་རྙེད་སོན་བྱུང་ཡོད་ཀྱང་ད་དུང་མི་གྲངས་༢༡༥ཡི་གནས་སྟངས་ཁ་གསལ་མེད་པ་དང་།
ལྷོ་ཀོ་རི་ཡའི་སྲིད་འཛིན་ལྕམ་Park Geun-Hyeམཆོག་གིས་ད་ཐེངས་ཀྱི་གོད་ཆགས་དང་འབྲེལ་ཆགས་རྣམས་ཁྲིམས་འགལ་ནག་ཅན་དུ་ངོས་འཛིན་གྱིས་ཁྲིམས་གཅོད་གནང་རྒྱུ་ཡིན་སྐོར་གསུང་ཡོད་འདུག དེ་ཡང་ཁོང་གིས་མཚོ་གྲུའི་དེད་དཔོན་དང་། ལས་བྱེད་པ་ཁག་གཅིག་གི་བྱེད་སྟངས་འགྲེལ་བརྗོད་བྱེད་མ་ཤེས་པ་ཞིག་དང་། ཁས་ལེན་གནང་ཐབས་མེད་པ་མ་ཟད་མི་གསོད་ཀྱི་བྱེད་སྟངས་དང་འདྲ་བ་ཆགས་ཡོད་ཅེས་གསུང་འདུག           ཁོང་གིས་ད་དུང་ད་ཐེངས་ངོས་རང་ཙམ་མ་ཟད་ལྷོ་ཀོ་རི་ཡའི་མི་མང་ཚང་མའི་སེམས་ནང་ན་ཟུག་ཆེན་པོ་ཞིག་དང་ཚང་མ་ཧང་སང་ནས་ཁོང་ཁྲོ་ཆེན་པོ་བྱེད་དགོས་བ་བཟོས་ཡོད་ཅེས་གསུང་འདུག ཡང་ཁོང་གིས་མཚོ་གྲུ་དེའི་དེད་དཔོན་Lee Joon-Seokཡིས་མཚོ་གྲུ་ཆུའི་ནང་འཐིམ་བཞིན་པའི་སྐབས་འགྲུལ་པ་རྣམས་འཕྲལ་དུ་སྲུང་སྐྱོབས་བྱེད་ཐབས་མ་བྱས་པར་དོན་མེད་དུས་འགོར་བྱས་བ་དང་། རང་ཉིད་སྲོག་ཐར་ཆེད་མཚོ་གྲུ་ནས་ཕྱི་ཐོན་བྱས་པ་མངོན་གསལ་ཆགས་ཡོད་སྐོར་གསུང་འདུག
གོད་ཆགས་ཕོག་པའི་མཚོ་གྲུ་དེའི་དེད་དཔོན་Lee Joon-Seokབདུན་སྔོན་མའི་རེས་གཟའ་སྤེན་པ་ཉིན་འཛིན་བཟུང་བྱས་ཡོད་པ་དང་། ཁོ་པའི་ལས་རོགས་གསུམ་རེས་གཟའ་ཟླ་བ་ཉིན་འཛིན་བཟུང་དོ་དམ་བྱས་ཡོད་པ་རེད། ད་ལྟ་ཁོང་རྣམ་པས་རང་ཉིད་ཀྱི་ལས་འགན་ཤེས་བཞིན་འཐུས་ཤོར་ལ་བཏང་བ་དང་། གོད་ཆགས་ཕོག་སྐབས་མཚོ་གྲུའི་ནང་གི་འགྲུལ་པ་རྣམས་ཀྱི་སྲོག་སྐྱོབ་ཐབས་མ་བྱས་པར་བྲོས་བྱོལ་དུ་ཕྱིན་པའི་ནག་ཉེས་ཕོག་རྒྱུ་ཡིན་སྐོར་གནས་ཚུལ་ཐོན་བཞིན་པ་རེད།

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

2014-04-18

ལྷོ་ཀོ་རི་ཡའི་Sewolརྟགས་ཅན་གྱི་གྲུ་གཟིངས་ཤིག་མཚོ་ནང་ཡོ་འཁྱོག་བྱུང་ཏེ་སྣུབ་པའི་ཉིན་གྲངས་གཉིས་ནང་མི་གྲངས་༡༨༠ཙམ་ཉེན་སྐྱོབ་ཐུབ་ཡོད་ཀྱང་༢༧༠ཙམ་ད་དུང་རྙེད་སོན་བྱུང་མེད་པ་དང་ཉུང་མཐར་མི་གྲངས་༢༠ཙམ་གྲོངས་ཡོད་འདུག ལྷོ་ཀོ་རི་ཡའི་གཞུང་གིས་ཐད་འཕུར་གནམ་གྲུ་དང་། ཉེན་སྐྱོབ་གྲུ་གཟིངས། མཚོ་དམག་གྲུ་གཟིངས། མཚོ་ཐོག་སྲུང་དམག་བཅས་བཏང་ནས་མྱུར་སྐྱོབ་དང་འཚོལ་ཞིབ་པའི་ཉིན་གཉིས་བར་འཚོལ་ཞིབ་མི་སྣ་གཉིས་གྲུ་གཟིངས་ནང་ལ་འཛུལ་ནས་འཚོལ་ཞིབ་ཐུབ་པ་བྱུང་ཡོད་ཀྱང་ཁོ་གཉིས་གྲུ་གཟིངས་ཀྱི་མཛོད་ཁང་བརྒྱུད་འགྲུལ་པ་སྡོད་སའི་ཁང་ཆུང་སོགས་སུ་སོང་ནས་འཚོལ་ཞིབ་སྐབས་འགྲུལ་མི་གང་ཡང་རག་མེད་པ་རེད།
གནས་ཚུལ་ལྟར་ན། སློབ་མ་མང་པོ་དང་མཉམ་དུ་ཡོད་པའི་སློབ་གྲྭ་དེའི་སློབ་སྤྱི་གཞོན་པ་Kang Min-Kyuཞུ་བ་གྲུ་གཟིངས་ནས་སྐྱོབ་ཐུབ་པ་བྱུང་ཡོད་ཀྱང་། ཚེས༡༧ཉིན་གློ་བུར་སློབ་གྲའི་ལུས་རྩལ་ཚོགས་ཁང་གི་ཉེ་འགྲམ་གྱི་ཤིང་སྡོང་སྟེང་རང་ཤི་རྒྱབ་ཡོད་པ་རེད་འདུག
ཚེས༡༥ཉིན་གྲུ་གཟིངས་ཡོ་འཁྱོག་བྱུང་སྐབས་དེ་མ་ཐག་ཁ་ལོ་བས་འགྲུལ་བཞུད་པ་ཚོར། འགུལ་བསྐྱོད་མ་གནང་རོགས། འགུལ་བསྐྱོད་གནང་ན་ཉེན་ཁ་ཡོད་སྐོར་བསྒྲགས་ཡོད་པ་དང་། གྲུ་གཟིངས་ནང་གི་སློབ་མ་ཁག་གཅིག་གིས་སོ་སོའི་ནང་གི་ཕ་མར་འཕྲིན་ཐུང་བཏང་ནས་ཕ་མ་ལགས། གལ་སྲིད་ང་ལ་ཁྱེད་དང་མ་འཕྲད་ཚེ་ང་ནམ་ཡང་ཁྱེད་ལ་དགའ་ཞེས་བའི་འཕྲིན་ཐུང་བཏང་ཡོད་པ་རེད།
འདིའི་ཐད་ལྷོ་ཀོ་རི་ཡའི་རྒྱལ་དམངས་བདེ་འཇགས་ལྷན་ཁང་གི་བློན་ཆེན་གཞོན་པ་ལེ་གྷེན་ཨོ་Lee Gyeong-Ogབརྗོད་དོན། འགྲུལ་སྐྱེལ་གྲུ་གཟིངས་དེའི་སྟེང་ཁྱོན་མི་གྲངས་༤༧༧ ཙམ་ཡོད་པ་དང་། དེ་དག་ལས་མི་གྲངས་༣༢༥ཙམ་ཁུལ་དེར་ཉིན་བཞི་སྤྲོ་འཆམ་ལ་བསྐྱོད་མཁན་མཐོ་འབྲིང་སློབ་མ་དང་དགེ་རྒན་ཤ་སྟག་ཡིན། ད་ཆ་གཞུང་ངོས་ནས་མུ་མཐུད་མྱུར་སྐྱོབ་དང་། འཚོལ་ཞིབ་ལས་དོན་སྤེལ་བཞིན་པ་ཡིན་ཡང་ཁུལ་དེར་ཆར་རླུང་རྒོད་པ་དང་། སྨུག་པས་བསྒྲིབས་པ་སོགས་ལ་བརྟེན་འཚོལ་ཞིབ་མྱུར་སྐྱོབ་ལས་དོན་ལ་སྐུ་ངལ་འཕྲད་བཞིན་པ་བརྗོད་འདུག
ཚེས༡༥ཉིན་ལྷོ་ཀོ་རི་ཡའི་ནུབ་ཕྱོགས་ས་ཁུལ་ཨེན་ཆོན་ནས་ཡུལ་སྐོར་སྤྲོ་འཆམ་ལྟེ་གནས་ཇེ་ཇུ་མཚོ་གླིང་ཁུལ་དུ་བསྐྱོད་མཁན་Sewolརྟགས་ཅན་གྱི་འགྲུལ་བསྐྱེལ་གྲུ་གཟིངས་ཆེན་པོ་ཞིག་གློ་བུར་ཡོ་འཁྱོག་བྱུང་ནས་ཆུའི་ནང་སྣུབ་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་དང་དབྱངས་སྒྲོན།

ལྷོ་ཀོ་རི་ཡའི་གྲུ་གཟིངས་ཤིག་མཚོ་ནང་ཡོ་འཁྱོལ་བྱུང་ནས་སྣུབ་བཞིན་པའི་སྐབས་ཉེན་སྐྱོབ་བྱུང་བ་ཁག་གཅིག
ལྷོ་ཀོ་རི་ཡའི་གྲུ་གཟིངས་ཤིག་མཚོ་ནང་ཡོ་འཁྱོལ་བྱུང་ནས་སྣུབ་བཞིན་པའི་སྐབས་ཉེན་སྐྱོབ་བྱུང་བ་ཁག་གཅིག

གསར་འགོད་པ་དབྱངས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎