ཨོ་སི་ཀྲོ་ལི་ཡའི་དོན་གཅོད་ཀྱིས་ཁུལ་དེར་འཚམས་གཟིགས།

བཙན་བྱོལ་བོད་གཞུང་གི་ཨོ་སེ་ཀྲེ་ལི་ཡའི་དོན་གཅོད་མཆོག་ཨོ་སེ་ཀྲེ་ལི་ཡའི་ནུབ་ཕྱོགས་ཁུལ་འཚམས་གཟིགས་ཕེབས་ཡོད་འདུག

2010.09.30

༄༅༎དེ་ཡང་བོད་གཞུང་གི་དྲ་རྒྱའི་ནང་གནས་ཚུལ་བཀོད་པར་ལྟར་ན། སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་འདི་ཚེས་ཉི་ཤུ་བཞི་ནས་དྲུག་བར་ཉིན་གྲངས་གསུམ་རིང་ཨོ་སེ་ཀྲེ་ལི་ཡའི་ནུབ་རྒྱུད་པརཏ་ས་ཁུལ་དུ་གཞུང་དོན་འཚམས་གཟིགས་སུ་ཕེབས་པ་དང་། ཁུལ་དེའི་ས་གནས་བོད་མི་ཚོ་དང་མཇལ་འཕྲད་གནང་འདུག ཡང་ཁོང་ཁུལ་དེའི་ནང་གི་ཨོ་སེ་ཀྲེ་ལི་ཡའི་ལྗང་ཁུ་ཚོགས་པའི་འཐུས་མི་ཁག་ཅིག་དང་ཡང་མཇལ་འཕྲད་ཀྱིས་ད་བར་ཚོགས་པ་འདིའི་ཐོག་ནས་བོད་ཀྱི་གནད་དོན་ཐོག་ཐུགས་སྣང་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།

དེ་ནས་ཚེས་ཉི་ཤུ་ལྔ་ཉིན་ཁུལ་དེའི་ནང་ཡོད་པའི་ནང་པའི་ཆོས་ཚོགས་ཤིག་ཏུ་ཕེབས་ནས་འབྲེལ་ཡོད་ཚོར་ཉེ་ཆར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་སྐབས་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག དེ་དང་ཕྱོགས་མཚུངས་མངའ་ཁུལ་འདིའི་ནང་གི་བོད་མི་ཚོར་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་གནང་ཕྱོགས་དང་། མང་གཙོའི་ལམ་ལུགས། དམིགས་བསལ་རིང་མིན་སླེབས་ལ་ཉེ་བའི་བོད་མི་མང་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་བསྡུའི་གནད་དོན་སོགས་ཀྱི་སྐོར་མང་ཚོགས་ལ་ལམ་སྟོན་དང་། དུས་རྒྱུན་ནས་བོད་མི་རང་ཉིད་ཀྱི་ངོ་བོ་དང་རིག་གཞུང་བདག་གཅེས་དང་། དོ་སྣང་བྱེད་དགོས་ལུགས་གསུངས་ཡོད་པ་བཅས་མངའ་ཁུལ་འདིའི་ནང་སྐུ་ཚབ་དོན་གཅོད་མཆོག་ཕེབས་པའི་སྐབས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྫ་སྤྲུལ་རིན་པོ་ཆེ་མཆོག་དང་ས་གནས་འབྲེལ་ཡོད་ཁག་ནས་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་དང་། ས་གནས་བོད་མིའི་གནས་སྟངས་ངོ་སྤྲོད་ཞུས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎