པོ་ལན་དྲིའི་ཆིག་འགྲིལ་དུས་དྲན་དུ་བོད་གཞུང་སྐུ་ཚབ་གདན་ཞུ།

པོ་ལན་དྲིའི་ཆིག་འགྲིལ་དུས་དྲན་ཐེངས་༣༠པའི་ཐོག་བཙན་བྱོལ་བོད་གཞུང་གི་དབྱིན་ཡུལ་སྐུ་ཚབ་དོན་གཅོད་མཆོག་གདན་ཞུ་གནང་འདུག

2010.10.06

༄༅༎པོ་ལན་དྲིའི་ཆིག་འགྲིལ་དུས་དྲན་ཐེངས་༣༠པའི་ཐོག་བཙན་བྱོལ་བོད་གཞུང་གི་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་གདན་ཞུ་གནང་འདུག།

ཡུལ་དེའི་སྲིད་འཛིན་ཟུར་པའི་མཚན་ཐོག་ནས་ཡོད་པའི་ལེཀ་ལྦ་ལེ་ས་ཆིག་འགྲིལ་དུས་དྲན་ཐེངས་༣༠སྲུང་བརྩི་ཐེབ་རྩ་ཁང་གིས་ཟླ་བ་༩ཚེས་༢༩ནས་བཟུང་ཉིན་གྲངས་གསུམ་རིང་ པོ་ལན་དྲིའི་གྲོང་ཁྱེར་ཇི་ཌན་སཀ་ནང་དུས་དྲན་སྲུང་བརྩིའི་མཛད་སྒོ་གནང་ཡོད་པའི་ཐོག། པོ་ལན་དྲིའི་སྲིད་འཛིན་ཟུར་པ་ལེཀ་ལྦ་ལེ་ས་དང་ཇི་དན་སིཀ་གྲོང་ཁྱེར་སྤྱི་ཁྱབ་། དེ་བཞིན་ཉེ་དུས་གསར་དུ་འོས་འདེམས་ཞུས་པའི་སྲིད་འཛིན་སྦོ་རོ་ནིསི་ལོ་ཀོ་མོ་རོལྦ་སི་ཀི་མཆོག་དང་བཙན་བྱོལ་བོད་གཞུང་གི་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་དང༌། གཞན་ཡང་ཡུལ་དེའི་གནས་ཡོད་མི་སྣ་མང་པོ་མཉམ་ཞུགས་གནང་འདུག།

ཕྱི་ཚེས་༢༩ཉིན་སྐུ་མགྲོན་རྣམ་པ་ཚོར་དགོང་དྲོའི་གསོལ་སྟོན་གྲ་རྒྱས་ཕུན་སུམ་ཚོགས་པ་ཞིག་འདེགས་འབུལ་ཞུས་ཡོད་པ་དང༌། ཕྱི་ཚེས་༣༠ཉིན་གྲོས་མོལ་ལྷན་ཚོགས་ཤིག་གནང་ཡོད་པ་རེད།

བོད་གཞུང་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་ཚེས་༢༩ཉིན་ཡུལ་དེའི་གཞོན་ནུའི་ལྷན་ཚོགས་ཐེངས་གསུམ་པའི་ཐོག་གསུང་གླེང་གནང་སྟེ་བོད་མིའི་ངོ་བོ་སྲུང་སྐྱོབ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གནས་ལུགས་ངོ་སྤྲོད་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎