བོད་ཀྱི་སྐུ་ཚབ་དོན་གཅོད་ཁག་གི་ལོ་འཁོར་ཚོགས་འདུ་སྐོང་ཚོཊ།
2014.04.22

ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁག་གི་ལོ་འཁོར་ཚོགས་འདུ་སྐོང་ཚོགས་གནང་བཞིན་ཡོད་པ་རེད་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། སྤྱི་ཟླ་བཞི་པའི་ཚེས་༢༢ཉིན་བཞུགས་སྒར་རྡ་རམ་ས་ལར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས། ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁག་གི་ལོ་འཁོར་ཚོགས་འདུ་སྐོང་ཚོགས་གནང་ཡོད་པ་དང་། ཚོགས་འདུའི་ཐོག་རྒྱ་གར་རྒྱལ་ས་ལྡི་ལིའི་བོད་ཀྱི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་མཆོག་དང། ཡོ་རོབ་དམིགས་བསལ་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་མཆོག ཨ་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས། ཨོ་སི་ཊོ་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས། སྦར་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས། སུད་སེི་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས། ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱས་ལགས། ཐེ་དབན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། བལ་ཡུལ་བོད་མིའི་འབྲེལ་མཐུད་པ་རྟ་མགྲིན་རྡོ་རྗེ། ལྷོ་ཨ་མི་རི་ཀའི་འབྲེལ་མཐུད་པ་ཚེ་དབང་ཕུན་ཚོགས་ལགས། པེ་རིས་དོན་ཁང་གི་ཟུང་འབྲེལ་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། ལྷོ་ཨ་ཧྥེ་རི་ཀའི་སྐུ་ཚབ་གཅོད་གསར་དུ་བསྐོ་བཞག་གནང་བ་སྣང་ས་ཆོས་སྒྲོན་ལགས། ཉི་ཧོང་སྐུ་ཚབ་དོན་གཅོད་གསར་དུ་བསྐོ་བཞག་གནང་བ་ལུང་རྟོགས་ལགས་བཅས་ཨ་རི་དང་ཡོ་རོབ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་ཀྱི་སྐུ་ཚབ་རྣམས་འདུ་འཛོམས་གནང་ཡོད་པ་དང་། ཚོགས་འདུ་སྤྱི་ཚེས་༢༥ བར་གྱི་ཉིན་གྲངས་བཞིའི་རིང་སྐོང་ཚོགས་གནང་གི་ཡོད་པ་རེད།
ཚེས༢༢ཉིན་གྱི་སྔ་དྲོ་ཕྱག་ཚོད་༩དང་སྐར་མ་༡༥ ཐོག་ལོ་འཁོར་ལྷན་ཚོགས་དབུ་འཛུགས་གནང་བའི་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་མཆོག་ཕེབས་ཏེ། བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཚོགས་འདུའི་ནང་དོན་ངོ་སྤྲོད་གནང་བ་དང་། སྐུ་ཚབ་དོན་གཅོད་རྣམས་ལ་ཕེབས་བསུའི་གསུང་བཤད་གནང་ཡོད་འདུག དེའི་རྗེས་སྲིད་སྐྱོང་མཆོག་ནས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང། ལངས་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།