དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཆུ་ཚོད་བརྒྱ་དང་བརྒྱད་ཀྱི་ཞི་བདེའི་བྱེད་སྒོའི་སྐུ་མགྲོན་དུ་ཕེབས་འདུག

2024.01.09
དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཆུ་ཚོད་བརྒྱ་དང་བརྒྱད་ཀྱི་ཞི་བདེའི་བྱེད་སྒོའི་སྐུ་མགྲོན་དུ་ཕེབས་འདུག དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཆུ་ཚོད་བརྒྱ་དང་བརྒྱད་ཀྱི་ཞི་བདེའི་བྱེད་སྒོའི་སྐུ་མགྲོན་དུ་ཕེབས་སྐབས།
CTA

དེ་ཡང་ཕྱི་ལོ་༢༠༢༣ལོའི་ཟླ་བ་༡༢བའི་ཚེས་༣༡ཉིན་ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་སེ་ར་བྱེས་དགོན་པའི་དགེ་བཤེས་དགེ་འདུན་གྲགས་པ་ལགས་དང་ལྷན་དུ་(Brazil)་ནང་གི་(Center for Bodhisattva Buddhist Studies)་ཞེས་པའི་ནང་ཆོས་སློབ་གཉེར་ལྟེ་གནས་ཁང་གི་ཆུ་ཚོད་༡༠༨ཀྱི་ཞི་བདེ་(108 Hours of Peace)་ཞེས་པའི་བྱེད་སྒོའི་སྐུ་མགྲོན་གཙོ་བོར་མགྲོན་འབོད་ལྟར་ཕེབས་ཡོད་པ་དང་། བྱེད་སྒོ་དེ་ནི་ནང་ཆོས་སློབ་གཉེར་ལྟེ་གནས་ཁང་དང་ཚོགས་སྡེ་ཁག་ཟུང་སྦྲེལ་གྱིས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་བསམ་བློ་ཡར་རྒྱས་དང་། སྤྱི་ཚོགས་དང་ཁོར་ཡུག་བདེ་དོན་སྐོར་བསམ་གཞིགས་བྱ་རྒྱུར་སེམས་ཤུགས་སྤེལ་ཆེད་ཡིན་པ་ལྟར། སྐབས་དེ་དུས་སྤྱི་ཚོགས་དང་རིག་གཞུང་ཞི་གནས། ཆོས་ལུགས་ཕན་ཚུན་འབྲེལ་མཐུན། སྨོན་ལམ་གསུང་འདོན་དང་། ནང་ཆོས་ངོ་སྤྲོད་ཚོགས་པ་ཕན་ཚུན་མཉམ་ལས་བྱེད་ཕྱོགས་སྐོར་གྲོས་མོལ་སོགས་ཀྱི་སྐོར་ལ་ལས་གཞི་སྤེལ་རྒྱུ་ཡིན་པ་རེད་འདུག
སྐབས་དེར་གྲོས་མོལ་དང་གཏམ་བཤད་རིག་གཞུང་གི་བྱེད་སྒོ་སོགས་བརྒྱུད་ནས། ཚོགས་ཞུགས་པ་ཚོའི་ལྟ་ཚུལ་སྣ་ཚོགས་ལ་དཔྱད་པ་བྱས་ནས་མ་འོངས་བའི་ཕུགས་འདུན་སྐྲུན་ཐབས་དང་། དེང་སང་གི་དཀའ་ངལ་ལ་དངོས་སུ་གདོང་ལེན་བྱེད་པའི་ཐབས་ལམ་བཏོན་ཐབས་གནང་ཡོད་འདུག་ལ། སྐབས་དེར་ནང་པའི་ཆོས་བརྒྱུད་དང་གྲུབ་མཐའ་འདྲ་མིན་གྱི་སྐུ་ཚབ་རྣམས་ཀྱང་ཚོགས་འདུར་ཕེབས་ནས་བོད་བརྒྱུད་ནང་བསྟན་གྱིས་སྤྱི་ཚོགས་ལ་ཇི་ལྟར་བསྟུན་འགྱུར་བྱེད་ཚུལ་སོགས་ཀྱི་སྐོར་གླེང་མོལ་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག


གསར་འགོད་པ། སྐལ་བཟང་སྒྲོལ་མ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎