བློ་བཟང་ཤཱསྟྲཱི་ལགས་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག

2022.09.22
བློ་བཟང་ཤཱསྟྲཱི་ལགས་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག བློ་བཟང་ཤཱསྟྲཱི་ལགས་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བའི་བཀའ་ཡིག
སྒྲིག་བཟོ། /RFA

བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞིའི་དགོངས་དོན་ལྟར་ཨ་རིར་གནས་བཞུགས་བློ་བཟང་ཤཱསྟྲཱི་ལགས་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག
ཕྱི་ཟླ་ ༩ ཚེས་༢༢ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ལྡི་ལི་དོན་གཅོད་གསར་བསྐོའི་གསལ་བསྒྲགས་ནང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་༡༩པའི་ནང་གསེས་དང་པོའི་དགོངས་དོན་ལྟར་ཨ་རིར་གནས་བཞུགས་བློ་བཟང་ཤཱསྟྲཱི་ལགས་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ་འཁོད་འདུག བློ་བཟང་ཤཱསྟྲཱི་ལགས་ཨ་རིར་གནས་བཞུགས་གནང་གི་ཡོད་སྟབས། རྒྱ་གར་ནང་ཕྱག་ལས་གནང་ཆོག་པའི་ཡིག་ཆ་ཁག་སྒྲུབ་མཚམས་ལས་འཁུར་འགོ་འཛུགས་གནང་རྒྱུ་ཡིན་འདུག
བློ་བཟང་ཤཱསྟྲཱི་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། འདས་བའི་ལོ་མང་རིང་བོད་ཀྱི་དཔེ་མཛོད་ཁང་དང་། བོད་མི་མང་སྤྱི་འཐུས་སོགས་སུ་སྤྱི་བའི་ཞབས་ཞུ་བསྒྲུབ་ཐུབ་པ་བྱུང་བ་དང་། ད་རེས་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱུང་ནས་སླར་ཡང་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཞབས་ཞུ་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་སྐལ་བ་བཟང་པོ་ཡིན་པ་བསམ་གྱི་ཡོད་ཅེས་དང་། ང་རང་གིས་ཤེས་ཡོན་དང་འབྱོན་ཐང་གང་ཡོད་བཏོན་ནས་ལྷག་བསམ་རྣམ་དག་གིས་ཞབས་ཞུ་ཞུ་འཆར་ཡོད་གསུངས་བྱུང་། དེ་བཞིན་ཁོང་གིས། འགྲོ་ལུགས་ཡིག་ཆ་ཁག་སྒྲུབ་པར་ཟླ་ངོ་གཉིས་ཙམ་འགོར་སྲིད་པ་དང་། དེའི་རྗེས་ཨ་རི་ནས་གནས་སྤོར་གྱིས་ལས་དོན་འགོ་འཛུགས་ཐུབ་པའི་རེ་བ་གནང་ཡོད་པ་གསུངས་བྱུང་།
བློ་བཟང་ཤཱསྟྲཱི་ལགས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཆེན་ནས་མཐར་ཕྱིན་པ་དང་། ཁོང་གིས་བོད་ཀྱི་དཔེ་མཛོད་ཁང་དུ་མི་ལོ་༢༥རིང་ཕྱག་ལས་གནང་བ་དང་། སྤྱི་ལོ་༡༩༩༥ལོ་ནས་༢༠༠༥བར་སྐབས་གཉིས་རིང་བོད་མི་མང་སྤྱི་འཐུས་གནང་ནས། ད་སྐབས་ཨ་རིའི་(Boston)་གྲོང་ཁྱེར་ནང་ཡོད་པའི་ནང་བསྟན་དཔེ་མཛོད་ལྟེ་གནས་ཁང་དུ་ཕྱག་ལས་གནང་མུས་ཡིན་འདུག

གསར་འགོད་པ། རྡོ་རྗེ་དགྲ་འདུལ། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎