རྒྱ་ནག་ཏུ་ཧུའུ་ཅ་ཡི་བཟའ་ཟླ་གར་སོང་མེད་པ།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གྲགས་ཅན་ཧུའུ་ཡི་བཟའ་ཟླ་ཀྲེང་ཅིན་ཡན་གར་སོང་ཤེས་རྟོགས་མེད་པ་ཆགས་ཡོད་སྐོར།

2011.06.20

༄༅༎རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གྲགས་ཅན་ཧུའུ་ཅ་མགྱོགས་མྱུར་གློད་བཀྲོལ་ཡོང་བའི་རེ་བ་ཡོད་པའི་གོང་དེར། ཧུ་ཡི་བཟའ་ཟླ་ཀྲེང་ཅིན་ཡན་གར་སོང་ཤེས་རྟོགས་མེད་པ་ཆགས་ཡོད་སྐོར་ཧོང་ཀོང་གསར་ཤོག་ཅིག་ནང་གནས་ཚུལ་སྤེལ་འདུག།

ཁ་ས་ཀྲེང་ཅིན་ཡན་རྒྱ་ནག་ལྷོ་ཕྱོགས་ཧྲེན་ཀྲེན་གྲོང་ཁྱེར་ནས་པེ་ཅིང་ཕྱོགས་སུ་གནམ་གྲུའི་ནང་ཐོན་བསྐྱོད་བྱས་ཡོད་ནའང༌། པེ་ཅིང་དུ་གནམ་གྲུ་འབྱོར་སྐབས་ཀྲེང་གར་སོང་མཐོང་ཡག་མེད་པ་ཆགས་ཡོད་ཅིང༌། རྒྱ་ནག་གི་འཛིན་སྐྱོང་དཔོན་རིགས་ཀྱིས་ཁོང་འཛིན་བཟུང་བྱས་ནས་འཁྲིད་ཡོད་སྲིད་པའི་སྐོར་གནས་ཚུལ་འབྱུང་ཁུངས་ཤིག་གིས་བརྗོད་པ་ཉིན་རེའི་གསར་ཤོག་Oriental Dailyས་ལུང་འདྲེན་བྱས་བཞག།

ལོ་གྲངས་༣༧ཡིན་པའི་ཧུའུ་ཅ་ནི་རྒྱ་ནག་ནང་གི་ཐོབ་ཐང་དོན་གཉེར་བ་སྐད་གྲགས་ཆེ་བ་ཞིག་ཡིན་པ་དང༌། ཁོང་གིས་ལོ་མང་རིང་སྤྱི་དམངས་ཐོབ་ཐང་དང༌། ཁོར་ཡུག་སྲུང་སྐྱོབ། དེ་བཞིན་རྒྱ་ནག་ནང་ཨེཛ་ནད་པ་ཚོའི་ཆེད་དུ་རྩོད་ལེན་ཤུགས་ཆེ་བྱས་ཡོད་པར་བརྟེན། རྒྱ་གཞུང་གིས་ཁོང་ལ་ལོ་གསུམ་དང་ཕྱེད་ཀའི་རིང་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཏང་ནས་། ཟླ་བ་འདིའི་ཚེས་༢༦ཉིན་བཙོན་འཇུག་གི་དུས་ཚོད་གཙང་ནས་གློད་བཀྲོལ་ཡོང་རྒྱུའི་རེ་བ་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རིགས་ཅིག་ བཙོན་ཁང་ནས་གློད་བཀྲོལ་བཏང་ཚར་བའི་རྗེས་སུའང་བསྐྱར་དུ་དོ་དམ་འོག་བཞག་པའི་གནས་ཚུལ་དེང་སང་ཡོང་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎