རྒྱ་གར་ཁུ་ནུ་ཡུལ་དང་བོད་ཀྱི་མཛའ་བརྩེའི་འབྲེལ་ལམ་རྒྱུན་གནས་ཆེད། ཁུ་ནུའི་རྒྱལ་རྒྱུད་ཝིར་བྷ་ངྷི་ར་སེངྒེ་མཆོག་ལ་མཆོད་འབུལ་རྗེས་དྲན་གནང་བ།

2021.08.26
རྒྱ་གར་ཁུ་ནུ་ཡུལ་དང་བོད་ཀྱི་མཛའ་བརྩེའི་འབྲེལ་ལམ་རྒྱུན་གནས་ཆེད། ཁུ་ནུའི་རྒྱལ་རྒྱུད་ཝིར་བྷ་ངྷི་ར་སེངྒེ་མཆོག་ལ་མཆོད་འབུལ་རྗེས་དྲན་གནང་བ། རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཝིར་བྷངྷིརཱ་སེངྒ་མཆོག་འདས་གྲོངས་སུ་གྱུར་ཏེ་ཞག་མ་༤༩འཁོར་བའི་དུས་ཚེས་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱིས་སྲིད་སྐྱོང་ཚོགས་ཁང་དུ་བསྔོ་སྨོན་མཆོད་འབུལ་ཅིག་གནང་ཡོད་པ་།
Tibet TV

ཉེ་ལམ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་རྒྱ་གར་རམ་པུར་གྱི་རྒྱལ་སྲས་སམ་ཁུ་ནུ་རྒྱལ་པོའི་རྒྱལ་བརྒྱུད་དུ་གཏོགས་པ། སྐུ་ཞབས་ཝིར་བྷངྷིརཱ་སེངྒ་མཆོག་འདས་གྲོངས་སུ་གྱུར་ཏེ་ཞག་མ་༤༩འཁོར་བའི་དུས་ཚེས་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱིས་སྲིད་སྐྱོང་ཚོགས་ཁང་དུ་བསྔོ་སྨོན་མཆོད་འབུལ་ཅིག་གནང་ཡོད་པ་མ་ཟད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་རྒྱ་གར་ཁུ་ནུ་ས་ཆ་དང་བོད་ཀྱི་བར་ལོ་རྒྱུས་ཀྱི་འབྲེལ་ལམ་ཐོག་བགྲོ་གླེང་ཞིག་ཀྱང་གོ་སྒྲིག་གནང་ཡོད་པར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། དུས་རབས་བཅུ་བདུན་པའི་ནང་བོད་ཀྱི་དམག་དཔོན་དགའ་ལྡན་ཚེ་དབང་དང་ཁུ་ནུ་རྒྱལ་པོའི་བར་མནའ་དམ་ཆོད་དོན་བཞག་ཡོད་པ་དང་། ཁུ་ནུ་པ་ཚོའི་ནང་བོད་ཀྱི་ཆོས་དང་རིག་གཞུང་ལ་ཕན་ཐོགས་ཆེན་པོ་ཡོད་པའི་བླ་ཆེན་དང་མཁས་པ་མང་པོ་བྱུང་བའི་ཁར། དེང་རབས་ཀྱི་བོད་ཡིག་ཚགས་ཤོག་ཐོག་མ་འདོན་མཁན་ཡང་ཁུ་ནུ་བ་ཡིན་པ། བོད་རྩིས་ཀྱི་ལོ་ཐོ་ཐོག་མ་འདོན་མཁན་ཡང་ཕལ་ཆེར་ཁུ་ནུ་བ་ཡིན་པ་སོགས་ཀྱི་ལོ་རྒྱུས་གཞིར་བཞག་ཐོག་མར་བོད་དང་ཁུ་ནནུའི་བར་ཆིངས་ཡིག་འཇོག་མཁན་ཁུ་ནུ་རྒྱལ་པོའི་བརྒྱུད་པ། རཛ་ཝིར་བྷངྷར་སེང་གེ་མཆོག་ལ་མྱ་ངན་དང་། ལོ་རྒྱུས་ཐོག་གི་མཛའ་བརྩེའི་འབྲེལ་ལམ་རྒྱུན་གནས་ལ་དམིགས་ཏེ་སྨོན་ལམ་རྗེས་དྲན་གནང་བ་འགྲེལ་བརྗོད་གནང་གི་འདུ
ཡང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་གི་བོད་བརྒྱུད་ནང་པའི་བླ་ཆེན་ལོ་ཙཱ་བ་རིན་ཆེན་བཟང་པོའི་སྤྲུལ་སྐུ་ལོ་ཆེན་རིན་པོ་ཆེ་མཆོག་ནས། རྒྱ་གར་གྱི་ཁུ་ནུ་ལུང་པ་ནི་བོད་ཀྱི་སྟོད་མངའ་རིས་དང་ལ་ཕར་རྒྱབ་ཚུར་རྒྱབ་འདབས་འབྲེལ་ཡིན་པས། ཆོས་དང་རིག་གཞུང་ཚོང་འབྲེལ་བཅས་ཀྱི་འབྲེལ་བ་ཤུགས་ཆེ་བྱུང་ཡོད་པ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ་ཕེབས་ནས་ས་གནས་དེ་ཁུལ་དུ་བསྟན་པ་སྤེལ་ཡོད་པ་དང་། བོད་ཀྱི་གནའ་བོའི་རིག་གཞུང་བོན་དང་ཡང་འབྲེལ་བ་ཡོད་པའི་རྣམ་པ་འདུག་པ། བོད་རང་བཙན་གྱི་སྐབས་སུ་ཕན་ཚུན་བག་མ་གཏོང་རེས་ཀྱི་གཉེན་འབྲེལ་དང་། སྤུན་མཆེད་ཀྱང་མང་པོ་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག
ཡང་ཁུ་ནུ་བ་ཤེས་རབ་ཆོས་འཕེལ་ནི་གི་ལགས་ནས། ཁུ་ནུ་རྒྱལ་པོ་དང་བོད་ཀྱི་བར་ཆིངས་ཡིག་བཞག་པ་ལ་བརྟེན་ཏེ་ཕན་ཚུན་བར་ཚོང་དང་རིག་གཞུང་བརྗེ་རེས་ཀྱི་འབྲེལ་ལམ་གཏིང་ཟབ་བྱུང་བ་འགྲེལ་བརྗོད་གནང་གི་འདུག སྐབས་དེར་རྒྱ་གར་དང་བོད་གཉིས་ཀའི་ཚོང་པ་རྣམས་པ་ཁྲལ་རིགས་གཅིག་མ་གཏོགས་བརྒྱབ་སྲོལ་མེད་པ་མ་ཟད། ཕྱོགས་གཉིས་ཀའི་འགྲུལ་བསྐྱོད་པ་ཚོར་བདེ་འཇགས་སྲུང་སྐྱོབ་འགན་ལེན་བྱས་ཡོད་པས། རྒྱ་གར་དང་བོད་གཉིས་ཀའི་ནང་གནས་སྐོར་པ་མང་པོ་ཡོང་མགོ་བཙུགས་པའི་ཁར། ཁུ་ནུའི་ནང་དགེ་བཤེས་དང་བླ་མ་མཁས་པ་མང་པོ་ཐོན་པ་ལ་བརྟེན་ནས། ས་གནས་དེ་ཁུལ་དུ་ནང་ཆོས་ཤུགས་ཆེ་དར་མགོ་ཚུགས་ཡོད་པ་དང་། ས་གནས་དེ་ནི་རྒྱ་གར་གྱི་རིག་གཞུང་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་རིག་གཞུང་བརྗེ་རེས་ཀྱི་ས་གནད་ཅིག་ཆགས་པ་འགྲེལ་བརྗོད་གནང་གི་འདུག་ཅིང་། རྒྱ་གར་གྱི་ཁུ་ནུ་ས་ཆ་ནི་༧གོང་ས་མཆོག་གི་རིགས་ཀྱི་ཅོད་པཎ་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་དང་། ཁུ་ནུ་དགེ་བཤེས་རིག་འཛིན་བསྟན་པ། གསར་འགྱུར་མེ་ལོང་གི་ཚགས་པར་འདོན་མཁན་ཁུ་ནུ་བ་སྦ་བུ་མཐར་ཕྱིན་སོགས། ནང་ཆོས་དང་བོད་ཀྱི་རིག་གཞུང་ལ་བྱས་རྗེས་ཅན་གྱི་མི་སྣ་ཐོན་པའི་ས་གནས་ཤིག་ཆགས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎