ལ་དྭགས་ནང་པའི་མཐུན་ཚོགས་ཀྱིས་རྒྱལ་གཅེས་ཉི་མ་བསྟན་འཛིན་ལགས་སུ་ཆེ་མཐོང་དགོས་པའི་འབོད་བསྐུལ།


2020.09.05
རྒྱ་གར་གྱི་མཐའ་སྲུང་དམག་མི་བོད་རིགས་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་། ༢༠༢༠།༩ རྒྱ་གར་གྱི་མཐའ་སྲུང་དམག་མི་བོད་རིགས་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་། ༢༠༢༠།༩
སྒྲིག་བཟོ།

འདི་ཚེས་ལྔ་ཉིན་ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རིན་ཆེན་རྣམ་རྒྱལ་ལགས་ཀྱིས་ལ་དྭགས་མངའ་ཁུལ་གྱི་སྲིད་སྐྱོང་གཞོན་པ་ཨར་ཀེ་་མ་ཐུར་(R.K. Mathur) མཆོག་གིས་མཚན་ཐོག་ཕུལ་བའི་སྙན་ཞུའི་ནང་ཕྱི་ཟླ་༨ཚེས་༣༠ཉིན་སྤངས་གོང་(Pangong)མཚོ་ཁར་རྒྱ་ནག་གི་དམག་མིའི་བཙན་རྒོལ་ལ་གདོང་ལེན་སྐབས་རྒྱ་གར་གྱི་དམིགས་བསལ་མཐའ་མཚམས་དཔུང་སྡེའི་དམག་མིའི་རུ་ཁག་གི་དམག་ཞབས་དཔོན་རིགས་ཉི་མ་བསྟན་འཛིན་ལཌ་ནས་རང་སྲོག་བློས་གཏོང་གནང་ཡོད་པ་ཞུས་ཏེ། ཉི་མ་བསྟན་འཛིན་ལཌ་དམ་པ་དེ་ཉིད་ལ་དྭགས་ནང་ལོ་བཅུ་ཕྲག་མང་པོའི་རིང་གཏན་སྡོད་བོད་མིའི་ཁྱིམ་ཚང་ཞིག་གི་བུ་ཡིན་རུང་ཁོང་ནི་རྒྱ་གར་རྒྱལ་ཁབ་ཀྱི་བུ་ཞིག་ཀྱང་ཡིན་པར་བརྟེན་དམ་པ་དེ་ཉིད་ཀྱིས་རང་སྲོག་བློས་གཏོང་གནང་བའི་དཔའ་མཛངས་ལ་ངོས་འཛིན་གྱིས་ཆེས་མཐོང་ཞུ་རྒྱུ་ནི་ང་ཚོའི་བཟློག་དུ་མེད་པའི་ལས་འགན་ཡིན་པ་མ་ཟད་ཁོང་གི་རྗེས་བཤུལ་ནང་མི་ཚོར་རོགས་སྐྱོར་མཐུན་འགྱུར་གང་ཐུབ་གནང་དགོས་ཀྱི་རེད་ཅེས་ཞུས་པ་དང་སྦྲགས་རྒྱ་གར་དབུས་དང་མངའ་སྡེའི་གཞུང་གཉིས་ནས་རྒྱལ་ཁབ་སྲུང་སྐྱོབ་ཆེད་རང་སྲོག་བློས་གཏོང་བྱས་པའི་དམག་ཞབས་ཚོའི་བཟའ་ཟླ་གཙོས་པའི་བཤུལ་འཛིན་ནང་མི་ཚོར་གུན་གསབ་གནང་མུས་ཡིན་པ་བརྗོད་མི་དགོས་ཀྱང་དཀའ་ཚེགས་ཆེ་བའི་ས་གནས་ལ་དྭགས་ནང་རང་སྲོག་བློས་གཏོང་གནང་བའི་དམག་ཞབས་ཁོང་ལ་དབུས་གཞུང་གི་ཐད་ཀའི་འཛིན་སྐྱོང་འོག་ཡོད་པའི་ལ་དྭགས་ས་གནས་འཛིན་སྐྱོང་གིས་ཀྱང་འདས་པོ་ཁོང་གི་ནང་མི་རྗེས་ཤུལ་ཚོར་དམིགས་བསལ་གུན་གསབ་གནང་དགོས་གལ་ཆེ་བས་སྲིད་སྐྱོང་སྐུ་གཞོན་མཆོག་གིས་འབྲེལ་ཡོད་ཚང་མར་དེ་ལྟར་གནང་དགོས་པའི་བཀོད་ཁྱབ་གང་མགྱོགས་གནང་སྐྱོང་ཡོང་བའི་སྐུལ་འདེབས་སྙིང་ཁུངས་རུས་པའི་གཏིང་ནས་ཞུ་གི་ཡོད་ཅེས་ཞུ་སྙན་དེའི་ནང་ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཞོན་རིན་ཆེན་རྣམ་རྒྱལ་ལགས་ཀྱིས་ཞུས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎