དབྱིན་ཡུལ་གྱི་གྲོས་ཚོགས་ནང་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་འཆར།


2019.07.25
དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Tim Loughton)་མཆོག་གྲོས་ཚོགས་ནང་། ༢༠༡༩།༧།༢༣ དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Tim Loughton)་མཆོག་གྲོས་ཚོགས་ནང་། ༢༠༡༩།༧།༢༣
དྲ་བཤུས།

དེ་ཡང་སྔ་ལོར་ཨ་རིའི་གྲོས་ཚོགས་ནས་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་གཞི་གཏན་འབེབས་གནང་བ་ལྟར་། ཟླ་བ་འདིའི་ཚེས་༢༣་ཉིན་དབྱིན་ཡུལ་གྲོས་ཚོགས་ནང་དུའང་། གྲོས་ཚོགས་འཐུས་མི་སྐུ་ཞབས་(Tim Loughton)་མཆོག་གིས་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་འཆར་ཞིག་བཏོན་འདུག
དེ་ཡང་གྲོས་ཚོགས་འཐུས་མི་སྐུ་ཞབས་(Tim Loughton)་མཆོག་གིས་སྔ་ལོར་ཨ་རིའི་གྲོས་ཚོགས་ནས་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་གཞི་གཏན་འབེབས་གནང་ཡོདཔ་ལྟར།  ངོས་ནས་ཀྱང་གྲོས་ཚོགས་འདིའི་ནང་ཁྲིམས་འཆར་འདི་བཏོན་གྱི་ཡོད། འདི་ལྟ་བུའི་ཁྲིམས་འཆར་གྱི་ཐོག་ནས་རྒྱ་ནག་གཞུང་ནས་བོད་ཀྱི་སྒོ་མོ་ཕྱེ་ཏེ་བོད་ནང་བོད་མི་ཚོའི་དངོས་ཡོད་གནས་སྟངས་ཤེས་རྟོགས་བྱེད་བཅུག་དགོས་པ་མ་ཟད། བོད་མི་ཚོར་སྡུག་སྦྱོང་བྱེད་རྒྱུ་མཚམས་འཇོག་དགོས་པ། གལ་སྲིད་དེ་ལྟར་མ་བྱེད་ཚེ་དབྱིན་ཡུལ་ནང་དུའང་རང་དབང་གི་ཐོག་ནས་ཡོང་ཆོག་པའི་རེ་བ་བྱེད་རྒྱུ་མེད་ལུགས་གསུངས་འདུག
ཡང་གིས་མུ་མཐུད་དུ་གསུང་དོན། རྩ་བའི་གོང་ཞུས་དོན་གནད་དེ་བཞིན་ལུང་ཁུག་གི་གནད་དོན་ཞིག་ཡིན་ནའང་།  འཛམ་གླིང་ཁྱོན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་། ལྷག་པར་དུ་ལོ་ངོ་མང་པོའི་རིང་རྒྱ་ནག་གཞུང་གི་དྲག་གནོན་འོག་སྡུག་སྦྱོང་མྱོང་བཞིན་པའི་བོད་ནང་བོད་མི་ཚོའི་གནད་དོན་ཐོག་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེཆད།  ཅེས་ཤུགས་ཆེན་པོའི་ཐོག་ནས་གསུངས་ཏེ་གང་ལྟར་ཨ་མི་རི་ཀས་ཁྲིམས་གཞིར་གཏན་ལ་ཕབ་པ་བཞིན་དབྱིན་ཡུལ་གྲོས་ཚོགས་ནང་དུའང་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་བཏོན་གནང་ཡོད་པ་རེད། གནད་དོན་འདིའི་ཐོག་དབྱིན་ཡུལ་ནང་ཡོད་པའི་(Free Tibet Campaign)་འམ་བོད་རང་དབང་ཚོགས་པའི་འགན་འཛིན་སྐུ་ཞབས་(John Jones)་མཆོག་ནས་དགའ་བསུ་ཞུས་པ་དང་སྦྲགས་འདི་ལྟ་བུའི་ཁྲིམས་འཆར་ཡུལ་གྲུ་ཚང་མས་བཏོན་ཐུབ་པ་ཡིན་ན།   བོད་ནང་འགྲོ་འོང་བྱེད་རྒྱུར་དམ་དྲག་བྱེད་མཁན་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣ་ཚོས་དེ་ལ་གཞིགས་པས་འགན་འཁྲི་འཁྱེར་དགོས་པ་ཆགས་རྒྱུ་ཡིན་ལུགས་གསུངས་འདུག
གོང་ཞུས་ཁྲིམས་འཆར་དེའི་ནང་ཁོང་གིས་བོད་ནང་འདས་པའི་ལོ་ངོ་མང་པོའི་རིང་རྒྱ་ནག་གཞུང་ནས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ཐོག་སྡུག་སྦྱོང་ཚད་ལས་བརྒལ་བ་བཏང་དང་གཏོང་བཞིན་པའི་གནས་སྟངས་ངོ་སྤྲོད་གནང་བ་དང་སྦྲགས། ད་བར་བོད་ནང་བོད་མི་བརྒྱ་དང་ལྔ་བཅུ་ལྷག་གིས་རང་ལུས་མེར་སྲེག་གནང་ཡོད་པ། དེ་བཞིན་རྒྱ་ནག་གཞུང་ནས་བོད་ནང་གི་ཁོར་ཡུག་ལའང་གནོད་འཚེ་ཤུགས་ཆེ་བཏང་བའི་རྐྱེན་གྱིས་འཛམ་གླིང་ནང་མཐོ་སྒང་བོད་ཀྱི་ཆུ་བོའི་རྒྱུན་མཐུད་ལའང་དཀའ་ངལ་ཆགས་ཉེན་ཡོད་པ་སོགས་ཀྱི་གནས་སྟངས་གཞི་ལ་བཞག་པའི་ཐོག་ནས་གྲོས་ཚོགས་འཐུས་མི་སྐུ་ཞབས་(Tim Loughton)   ཁོང་རང་ཉིད་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་ངོ་བོའི་ཐོག་ནས་རྒྱུན་རིང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་རྒྱབ་སྐྱོར་དང་། བོད་ཀྱི་གནས་སྟངས་འཛམ་གླིང་ཐོག་ངོ་སྤྲོད་ཞུ་བཞིན་ཡོད་ལུགས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎