བོད་ནང་རང་དབང་ཐོག་འགྲུལ་བསྐྱོད་ཆོག་པ་དགོས་བའི་ཁྲིམས་འཆར་ལ་སྤྱི་མོས།


2018.07.26
ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་དོན་ཚོགས་ཆུང་ནང་། ༢༠༡༨།༧།༢༥ ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་དོན་ཚོགས་ཆུང་ནང་། ༢༠༡༨།༧།༢༥
RFA

ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་དོན་ཚོགས་ཆུང་ནང་བོད་ནང་རང་དབང་ཐོག་འགྲུལ་བསྐྱོད་ཆོག་པ་དགོས་བའི་ཁྲིམས་འཆར་ལ་སྤྱི་མོས་ཐོག་རྒྱབ་སྐྱོར་ཐོབ་འདུག
དེ་ཡང་ཟླ་བ་འདིའི་ཚེས་ ༢༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་དོན་ཚོགས་ཆུང་གིས་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་གྲོས་ཚོགས་ཀྱིས་སྟོན་པའི་ཁྲིམས་འཆར་(Reciprocal Access to Tibet) འམ། རྒྱ་ནག་གི་དཔོན་རིགས་དང་། གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་སོགས་ཨ་རིའི་ནང་ཡོང་ཆོག་གི་ཡོད་པ་ནང་བཞིན་ཨ་རིའི་དཔོན་རིགས་དང༌། གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ། ཨ་རིའི་མི་སེར་བོད་མི་བཅས་ཀྱང་བོད་ཀྱི་ས་ཁུལ་གང་སར་བསྐྱོད་ཆོག་པའི་ཐོབ་ཐང་གཅིག་མཚུངས་དགོས་པའི་དགོན་འདུན་གྱི་ཁྲིམས་འཆར་བཏོན་ཡོད་པ་དེའི་ནང་དོན་ལ་བསྐྱར་བཅོས་དགོས་མིན་གྱི་བགྲོ་གླེང་གནང་བའི་མཐར་ཚོགས་ཆུང་གི་ཚོགས་མི་ཚང་མས་བསྐྱར་བཅོས་མི་དགོས་པར་རང་སོར་འཇོག་རྒྱུའི་མང་མོས་ཐག་གཅོད་དང་སྤྱི་མོས་རྒྱབ་སྐྱོར་གནང་འདུག
བགྲོ་གླེང་དབུ་འཛུགས་སྐབས་ཁྲིམས་དོན་ཚོགས་ཆུང་གི་ཚོགས་གཙོ་(Bob Goodlatte) ཡིས་ཁྲིམས་འཆར་ངོ་སྤྲོད་གནང་བའི་ནང༌། བོད་ནང་ཕྱི་མི་བསྐྱོད་ཕྱོགས་ཀྱི་ཁྲིམས་གཞི་འདི་ནི་རྒྱ་ནག་གཞུང་གིས་བོད་མིའི་ཐོག་སྤྱོད་ཚུལ་འཛིན་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་པ་དང༌། གྲོས་ཚོགས་ནས་ཁྲིམས་གཞི་འདི་འདྲ་འདོན་དགོས་པ་བྱུང་བ་ངོ་སྤྲོད་གནང་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་མཐུད་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། འབྲེལ་ཡོད་མང་པོ་ཞིག་གིས་འབད་བརྩོན་བྱས་བའི་འབྲས་བུར་ཐེངས་འདིའི་ཁྲིམས་འཆར་དེ་ལམ་ལྷོངས་འགྲོ་རྒྱུར་རེ་བ་ཆེ་རུ་ཕྱིན་སོང་ཞེས་གསུངས་འདུག
ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་དོན་ཚོགས་ཆུང་ནང་ད་ཐེངས་ཁྲིམས་འཆར་དེར་སྤྱི་མོས་ཀྱི་རྒྱབ་སྐྱོར་བྱུང་བས། འགྲོ་ལུགས་བཞིན་རིམ་པས་གྲོས་ཚོགས་འོག་མ་དང་གོང་མ་བརྒྱུད་དགོས། དེ་ལྟར་རྒྱབ་སྐྱོར་བྱུང་ཚེ་སྲིད་འཛིན་གྱིས་ཁྲིམས་འཆར་དེར་མཚན་རྟགས་བསྐྱོན་མཚམས་བཅའ་ཁྲིམས་སུ་འགྱུར་གྱི་ཡོད་པ་རེད།།

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎