རྒྱ་ནག་གཞུང་གིས་མོས་མཐུན་བྱས་ན་བོད་ལ་ལམ་སང་ཡོང་གི་ཡིན། ༧གོང་ས་མཆོག་གིས།


2017.11.17
༧གོང་ས་མཆོག་གིས་གྷ་གྷལ་གནམ་ཐང་ནས་བོད་ནས་ཕེབས་པའི་བོད་མི་ཚོར་མཇལ་ཁ་གནང་སྐབས། ༢༠༡༧།༡༡།༡༧ ༧གོང་ས་མཆོག་གིས་གྷ་གྷལ་གནམ་ཐང་ནས་བོད་ནས་ཕེབས་པའི་བོད་མི་ཚོར་མཇལ་ཁ་གནང་སྐབས། ༢༠༡༧།༡༡།༡༧
སངས་རྒྱས་རྡོ་རྗེ།/RFA

རྒྱ་ནག་གཞུང་གིས་མོས་མཐུན་བྱས་ན་བོད་ལ་ལམ་སང་ཡོང་གི་ཡིན་ཞེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནས་གནས་སྐོར་དུ་ཕེབས་པའི་བོད་མི་ཁག་ཅིག་ལ་བཀའ་མངགས་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༡༧ ་ཟླ་ ༡༡ ་ཚེས་ ༡༧ ་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཨོ་རི་ས། ནུབ་བྷེང་གྷལ་བཅས་ལ་མཛད་འཕྲིན་སྐྱོང་ཆེད། རྒྱ་གར་རྡ་རམ་ས་ལ་གྷལ་གྷལ་གནམ་ཐང་བརྒྱུད་ནས་ཕེབས་སྐབས། གནམ་ཐང་གི་སྒོ་ཁར་བོད་ཀྱི་ས་ཁུལ་གང་ས་ནས་གསར་དུ་ཕེབས་པའི་གནས་སྐོར་བ་རྒན་རྒོན་ ༤༠ ་ལྷག་གིས་ངང་སྒུག་བྱས་ཡོད་པ་ཚོར་མཇལ་ཁ་གནང་ཡོད་པ་དང་། རྒན་རྒོན་རྣམས་ཀྱིས་རིན་པོ་ཆེ་མགྱོགས་ནས་མྱུར་དུ་ཕ་ཡུལ་ལ་ཕེབས་རོགས་ཞེས་རེ་སྐུལ་ཞུས་སྐབས། མགོན་པོ་གང་ཉིད་ཀྱིས་ངས་ཕ་ཡུལ་བརྗེད་ཀྱི་མ་རེད། རྒྱ་ནག་གཞུང་གིས་མོས་མཐུན་བྱུང་ན། བོད་ལ་ལམ་སང་ཡོང་གི་རེད་ཅེས་བཀའ་མངགས་གནང་སོང་།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༡༨ ་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་གཞུང་གི་སློབ་གྲྭ་ Salwan Public School ཞེས་པ་དེའི་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་མ་ཟད། ཕྱི་ཚེས་ ༡༩ ཉིན་ Smile Foundation སི་མ་ཡེལ་བསྟི་གནས་ཁང་ཞེས་པ་དེར་བཀའ་སློབ་སྩལ་རྒྱུ་ཡིན་འདུག
དེ་རྗེས་ཕྱི་ཚེས་ ༢༡ ་ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ཨོ་རེ་སའི་ Orissa རྒྱལ་ས་བྷུབ་ནེཤྭར་ (Bhubaneswar) ཆིབས་སྒྱུར་གྱིས་ཁུལ་དེར་རྟེན་གཞི་བྱས་པའི་སྤྱི་ཚོགས་ཚན་རིག་བསྟི་གནས་ཁང་གྲགས་ཅན་ Kalinga Institute of Social Sciences (KISS) དུ་དགེ་ལས་སློབ་ཕྲུག་ཁྲི་ཕྲག་བརྒལ་བར་བཀའ་སློབ་སྩལ་རྒྱུ་དང་།
ཕྱི་ཚེས་ ༢༣ ་ཉིན་༧གོང་ས་མཆོག་ནུབ་བྷེང་གལ་གྱི་རྒྱལ་ས་ཀོལ་ཀ་ཊར་ (Kolkata) ་རྒྱ་གར་ཚོང་པའི་ལྷན་ཚོགས་ (Indian Chamber of Commerce) ་ནས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར། རྒྱ་གར་གནའ་རབས་ཀྱི་རིག་གནས་སླར་གསོའི་སྐོར་བཀའ་སློབ་སྩལ་གནང་མཛད་རྗེས། ཕྱི་ལོ་༢༠༡༧ ་ཟླ་བ་ ༡༡ ་ཚེས་ ༢༦་རེས་གཟའ་ཉི་མའི་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཕྱིར་བཞུགས་སྒར་དུ་ཆིབས་ཞལ་སྒྱུར་གནང་མཛད་རྒྱུ་ཡིན་འདུག

གསར་འགོད་པ་སངས་རྒྱས་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎