ཕཱ་རན་སིའི་ནང་བོད་རང་བཙན་དཔལ་འབར་བསྐོར་སྐྱོད།

ཕཱ་རན་སིའི་རྒྱལ་ས་པེ་རི་སིའི་ཁུལ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་རང་བཙན་གྱི་དཔལ་འབར་བསྐོར་བསྐྱོད་ཀྱི་མཛད་སྒོ་ཞིག་གནང་འདུག

2008.06.23

༄༅༎སྤྱི་ཟླ་༦པའི་ཚེས་༢༢ ཉིན་ཕཱ་རན་སིའི་རྒྱལ་ས་པེ་རི་སིའི་ཁུལ་བོད་ཀྱི་གཞོན་ནུ་ཚོགས་པས་གོ་སྒྲིག་གནང་ཐོག་དེར་བོད་རང་དབང་ཆེད་སློབ་ཕྲུག་ཚོགས་པས་རྒྱབ་སྐྱོར་དང་ དེ་བཞིན་བོད་རིགས་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཕཱ་རན་སིའི་མི་རིགས་དང་དེ་བཞིན་ཤིན་ཅང་ངམ་ཤར་ཏུར་ཀི་སི་ཐན་གྱི་ཡུལ་མི་བཅས་མི་གྲངས་བརྒྱ་བསྐོར་ཞིག་གིས་བོད་རང་བཙན་གྱི་དཔལ་འབར་སྒྲོན་མེ་བསྐོར་བསྐྱོད་ཀྱི་མཛད་སྒོ་ཞིག་གནང་ཡོད་པ་རེད་

ད་རེས་པེ་རི་སིར་བོད་རང་བཙན་གྱི་དཔལ་འབར་སྒྲོན་མེ་བསྐོར་བསྐྱོད་ཀྱི་མཛད་སྒོ་དེ་འདྲ་གནང་དགོས་པའི་རྒྱུ་མཚན་དང་ངོ་བོ་ནི་བོད་དེ་བཞིན་ལོ་རྒྱུས་ཐོག་རང་བཙན་གྱི་ཡུལ་ཞིག་ཡིན་པའི་ཐོག་སྤྱི་ལོ་༡༩༤༩ རྗེས་ལ་རྒྱ་ནག་གུང་ཁྲན་ཏང་དམར་པོའི་སྲིད་གཞུང་གིས་བཙན་འཛུལ་བྱས་ཡོད་པའི་སྐོར་དང་དེ་བཞིན་རྒྱ་ནག་གི་ཨོ་ལིམ་པིག་གི་དཔལ་འབར་སྒྲོན་མེ་བོད་ནང་བསྐོར་བསྐྱོད་བྱས་པར་ངོ་རྒོལ་གྱི་མཚོན་དོན་དང་ད་ལྟ་བོད་ནང་རྒྱ་ནག་གིས་བཙན་བཟུང་བྱས་ཏེ་བོད་མི་ཚོར་དྲག་གནོན་བཙན་དབང་གཏོང་བའི་གནས་སྟངས་འདི་འཛམ་གླིང་གི་ཡུལ་མི་ཚོས་མཁྱེན་རྟོགས་ཐུབ་ཐབས་སུ་ལས་འགུལ་དེ་སྤེལ་ཡོད་པ་རེད་

ལས་འགུལ་དེའི་ནང་མཉམ་བཞུགས་གནང་མཁན་བོད་རིགས་བེུད་ཀུན་བཟང་ལྷ་མོ་ལགས་ཀྱིས་གསུང་པར་ཕཱ་རན་སིའི་ནང་བོད་རང་བཙན་གཙང་མའི་དགོས་འདུན་གྱི་ལས་འགུལ་སྤེལ་བ་ད་རེས་ཐོག་མ་ཞིག་ཡིན་པའི་སྐོར་དང་ཐེངས་དེའི་ལས་འགུལ་དེའི་སར་ཟ་ཁང་ནང་ལས་ཀ་བྱེད་མཁན་གྱི་ལས་མི་སོགས་མང་པོས་ཕྱིར་འདོན་ནས་དཔལ་འབར་བསྐོར་བསྐྱོད་ཀྱི་ལས་འགུལ་དེར་རྒྱབ་སྐྱོར་མཚོན་ཐབས་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎