རྒྱ་ནག་གི་ཀོང་ཞི་ཀྲོང་ཁུལ་ནང་རི་ལིའི་ལྕགས་ལམ་འཛུགས་སྐྲུན།

རྒྱ་ནག་གཞུང་གིས་རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཞི་ཀྲོང་རང་སྐྱོང་ས་ཁུལ་ནང་རི་ལིའི་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་འགོ་བཙུགས་ཟིན་ཡོད་པ།

2008.12.14

༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཞི་ཀྲོང་རང་སྐྱོང་ས་ཁུལ་ནང་རི་ལིའི་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་འགོ་བཙུགས་ཟིན་པ་དང་ལས་གཞི་དེ་ཡིས་མ་འོངས་རྒྱ་ནག་གི་ལྷོ་ཕྱོགས་ས་ཁུལ་ཡར་རྒྱས་ཐོག་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

རི་ལིའི་ལྕགས་ལམ་འཛུགས་སྐྲུན་ལས་ཁང་གི་དཔོན་རིགས་ནས་དེ་རིང་བཤད་དོན་ལ་ཉེ་ཆར་ཕྱི་ཟླ་བཅུ་པ་ནས་རི་ལིའི་ལྕགས་ལམ་ཁག་བཞི་འཛུགས་སྐྲུན་གྱི་ལས་གཞི་འོག་བཙུགས་ཟིན་པ་དང་ད་དུང་ལྕགས་ལམ་ཁག་བཅུ་གཉིས་འཛུགས་སྐྲུན་གྱི་ལས་གཞི་རིང་མིན་ཕྱི་ལོ་༢༠༠༩ཤར་མཚམས་འགོ་བཙུགས་ཏེ་ཁྱོན་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་ཁག་བཅུ་དྲུག་ཡོད་པ་དེ་དག་གིས་ལམ་ཐག་ཀི་ལོ་མི་ཊར་བཞི་སྟོང་ཉིས་ བརྒྱ་ལྷག་བར་འགྲིམས་འགྲུལ་བྱ་ཐུབ་རྒྱུ་ཡིན་ཞིང་དེའི་ནང་ནས་རི་ལིའི་ལྕགས་ལམ་ཀི་ལོ་མི་ཊར་ཉིས་སྟོང་བརྒྱད་བརྒྱ་ཙམ་ཀོང་ཞི་ས་ཁུལ་ནང་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་བཤད་ཡོད་པ་རེད།

རི་ལིའི་ལྕགས་ལམ་དེ་དག་ཕྱི་ལོ་༢༠༡༦ནང་འཛུགས་སྐྲུན་ཆ་ཚང་ཟིན་རྒྱུའི་འཆར་གཞི་ཡོད་པ་དང་དེ་ཡང་ཀོང་ཞི་ས་གནས་ཀྱི་རྒྱལ་ས་ནན་ཉིང་ནི་རི་ལིིའི་འབབ་ཚུགས་ཀྱི་ལྟེ་གནས་བྱས་ཏེ་དེ་ནས་རྒྱ་ནག་གི་ལྷོ་ནུབ་དང་དབུས་སོགས་སུ་འགྲིམས་འགྲུལ་བྱ་ཐུབ་པའི་འགྲོ་ལམ་བཟོ་རྒྱུ་དང་ལྷག་པར་དུ་ཆ་རྐྱེན་དེ་ཡིས་མི་དམངས་ཚོར་ད་ལྟའི་འགྲིམས་འགྲུལ་དཀའ་ངལ་སེལ་ཐུབ་པ་ཙམ་དུ་མ་ཟད་ས་ཕྱོགས་ཁག་མང་པོ་ཞིག་ཏུ་འགྲིམས་འགྲུལ་བྱ་རྒྱུ་ཡོད་པའི་ཁར་དུས་ཚོད་ཐུང་ངུའི་ནང་འབྱོར་རྒྱུ་སོགས་ད་ལྟའི་འགྲིམས་འགྲུལ་གྱི་ཆ་རྐྱེན་ལས་ཧ་ཅང་གི་སྟབས་བདེ་རུ་བཏང་སྟེ་ད་ལྟ་ཀོང་ཞིའི་རྒྱལ་ས་ནན་ཉིང་ནས་རྒྱལ་ས་པེ་ཅིང་བར་འགྲིམས་འགྲུལ་བྱེད་པར་ཚོུད་ཉི་ཤུ་རྩ་བརྒྱད་འགོར་གཞི་ཡོད་ཀྱང་མ་འོངས་པར་རི་ལིའི་ལྕགས་ལམ་གསར་པ་དེ་འཛུགས་སྐྲུན་བྱས་པའི་རྗེས་ཚོུད་དགུ་ལས་འགོར་རྒྱུ་མིན་པ་བཤད་ཀྱི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎