རྡ་སར་བོད་མིའི་གསར་འགོད་པའི་ཟབ་སྦྱོང༌།

ནོར་ལྦེ་བོད་ཀྱི་རླུང་འཕྲིན་ཁང་གིས་བཞུགས་སྒར་དུ་བོད་མིའི་གསར་འགོད་པའི་ཟབ་སྦྱོང་ཞིག་ཉིན་གཉིས་རིང་གོ་སྒྲིག་གནང་འདུག།

2010.12.03

༄༅༎ནོར་ལྦེ་བོད་ཀྱི་རླུང་འཕྲིན་ཁང་གིས་བཞུགས་སྒར་རྡ་རམ་ས་ལར་གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་གི་ཚོགས་ཁང་དུ་བོད་མིའི་གསར་འགོད་པའི་ཟབ་སྦྱོང་ཞིག་ཁ་ས་དང་དེ་རིང་བཅས་ཉིན་གཉིས་རིང་གོ་སྒྲིག་གནང་འདུག།

གོང་ཞུས་ཟབ་སྦྱོང་ཐོག་བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་བཀའ་བློན་ལྕམ་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་གདན་ཞུས་ཀྱིས་ནོར་ལྦེ་བོད་ཀྱི་རླུང་འཕྲིན་ཁང་གི་འགན་འཛིན་ཀརྨ་ཡེ་ཤེས་ལགས་དང༌། བལ་ཡུལ་དང་རྒྱ་གར་ལྷོ་ཕྱོགས། རྡ་ས་ཁུལ་གྱི་རླུང་འཕྲིན་དང་གསར་ཤོག་ཁག་གི་གསར་འགོད་པ་༢༨ཙམ་ཞིག་མཉམ་ཞུགས་གནང་བའི་ཐོག་མར་འགན་འཛིན་ཀརྨ་ཡེ་ཤེས་ལགས་ཀྱིས་ནོར་ལྦེ་བོད་ཀྱི་རླུང་འཕྲིན་ཁང་གི་དམིགས་ཡུལ་དང་འབྲེལ་བའི་ཟབ་སྦྱོང་ངོ་སྤྲོད་གནང་རྗེས་ཕྱི་དྲིལ་བཀའ་བློན་མཆོག་གིས་གསུངས་བཤད་གནང་ཡོད་པ་རེད།

ལྕམ་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་ཀྱིས་ནོར་ལྦེ་རླུང་འཕྲིན་ཐོག་མར་གསར་འཛུགས་གནང་བའི་སྐབས་གསར་འགྱུར་ཐད་སློབ་སྦྱོང་ཡོད་པའི་མི་སྣ་མི་འདེང་བའི་སྐུ་ངལ་འོག་ལས་གཞི་དེ་དབུ་འཛུགས་གནང་ཡོད་པ་དང༌། ཟབ་སྦྱོང་དེའི་ནང་ཕེབས་མཁན་ཕལ་མོ་ཆེར་དམིགས་བསལ་སློབ་སྦྱོང་གནང་རྒྱུ་བྱུང་མེད་ནའང༌། སེམས་ཤུགས་དང་འབད་བརྩོན་ཐོག་ནས་ཉམས་མྱོང་གསག་བཞིན་དུ་ཕྱག་ལས་མང་པོ་གནང་ནས་ད་ཆ་གང་ལེགས་བྱུང་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། དེང་སྐབས་རྒྱལ་སྤྱིའི་སྟེང་གནས་ཚུལ་སྐར་མ་འགའ་ཤས་རྗེས་ཐོན་གྱི་ཡོད་པའི་མྱུར་ཚད་དང་མཉམ་ཐུབ་རྒྱུའི་འབད་བརྩོན་བོད་པའི་གསར་འགོད་པ་ཚོས་གནང་དགོས་ཀྱི་ཡོད་པ་དང༌། དེ་ཡང་སྐབས་འཕྲལ་གནས་ཚུལ་བཀོད་ཐུབ་ཙམ་མ་ཡིན་པར་རྒྱབ་ལྗོངས་ཡག་པོ་ཤེས་རྟོགས་ཐུབ་པ་གནང་རྒྱུ་དེ་གལ་ཆེན་པོ་ཡིན་སྐོར་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎