ཨོ་སི་ཀྲོ་ལི་ཡའི་ཆུ་ལོག་གོད་ཆགས་ལ་ཞལ་འདེབས།
2011.01.13
༄༅༎ཉེ་ཆར་ཨོ་སེ་ཀྲེ་ལིའི་བྱང་ཤར་གྱི་མངའ་ཁུལ་ཁག་ཅིག་ལ་ལོ་ངོ་མང་པོའི་རིང་བྱུང་མྱོང་མེད་པའི་ཆུ་ལོག་རྒྱབ་ནས་མི་རྒྱུ་གཉིས་ལ་དོ་ཕོག་ཆེན་པོ་ཐེབས་ཡོད་པ་ནས་ད་བར་རྐྱེན་ངན་དེའི་འོག་མི་གྲངས་བཅོ་ལྔ་ཙམ་གྱི་ཚེ་སྲོག་ཤོར་བ་དང་། སྟོང་ཕྲག་མང་པོའི་སྡོད་ཁང་དང་འཚོ་བའི་རྟེན་གཞིར་དོ་ཕོག་ཐེབས་ཡོད་པ་རེད། མངའ་ཁུལ་དེ་དག་གི་སྤྱི་ཁྱབ་ལས་ཁུངས་ནས་ཡོངས་ཁྱབ་རོགས་རམ་འབོད་སྐུལ་ཞུས་པ་ལྟར་དབྱིན་ཇིའི་རྒྱལ་མོ་མཆོག་སྐུ་སྒེར་གྱི་ཐོག་ནས་ཉེ་ཆར་འབྱུང་བའི་གོད་ཆགས་ཕོག་པ་རྣམས་ལ་ཐུགས་གསོ་དང་འབྲེལ་མཐུན་འགྱུར་རོགས་རམ་གནང་ཡོད་ལུགས་ཕོ་བྲང་གི་ལས་ཁུངས་ནས་འགྲེལ་བརྗོད་གནང་ཡོད་པ་ལས་དམིགས་བསལ་དངུལ་རོགས་རམ་ག་ཚོད་གནང་ཡོད་མེད་ཀྱི་གྲངས་ཚད་གསལ་ཁ་བཏོན་གནང་མེད་པ་རེད།
ད་རེས་ཨོ་སེ་ཀྲེ་ལི་ཡའི་ནང་འབྱུང་བའི་གོད་ཆགས་ཕོག་པ་དེའི་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་གསོལ་འདེབས་དང་ཐུགས་གསོའི་འཚམས་འཕྲིན་གནང་ཡོད་པ་རེད།