རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ཁུལ་ལ་རྒྱ་ནག་གིས་དམག་དོན་རྒྱ་བསྐྱེད་གཏོང་ཐབས་ལ་ཁ་གཏད་གཅོག་རྒྱུ་ཡིན་འདུག

2024.09.21
རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ཁུལ་ལ་རྒྱ་ནག་གིས་དམག་དོན་རྒྱ་བསྐྱེད་གཏོང་ཐབས་ལ་ཁ་གཏད་གཅོག་རྒྱུ་ཡིན་འདུག
Reuters

ཨ་མེ་རི་ཀ་དང་། ཨོས་ཀྲེ་ལི་ཡ། ཉི་ཧོང་། རྒྱ་གར་བཅས་ལས་གྲུབ་པའི་Quad དབུ་འཁྲིད་རྣམས་ཀྱིས་ཆཻས་མཐོའི་ལྷན་ཚོགས་གནང་བའི་རྗེས་སུ་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ཁུལ་ལ་རྒྱ་ནག་གིས་དམག་དོན་རྒྱ་བསྐྱེད་གཏོང་ཐབས་ལ་ཁ་གཏད་གཅོག་ཆེད་མཚོ་ཐོག་དུ་མཉམ་འབྲེལ་ལས་དོན་སྤེལ་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་འཆར་འདུག དེང་སྐབས་ཤར་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཞེད་སྣང་དང་། ཉེན་ཚབས་ཇེ་ཆེར་འགྲོ་བཞིན་པ་སྤྱི་དང་ལྷག་དོན་དུ་རྒྱ་ནག་དང་ཕི་ལིབ་པིན་གཉིས་བར་མ་མཐུན་གྱི་གནད་དོན་བྱུང་བའི་སྐབས་འདིར་ཨ་རིའི་སྲིད་འཛིན་ཇོ་བྷེ་གྲན་མཆོག་གི་བཞུགས་གནས་མངའ་སྡེ་Delawareནང་ཨོས་ཀྲེ་ལི་ཡའི་སྲིད་བློན་AnthonyAlbaneseམཆོག་དང་རྒྱ་གར་གྱི་སྲིད་བློན་NarendraModi་དེ་བཞིན་ཉི་ཧོང་གི་སྲིད་བློན་FumioKishidaམཆོག་བཅས་ཀྱིས་ཨ་རིའི་སྲིད་འཛིན་མཆོག་མཇལ་འཕྲད་བཀའ་བསྡུར་གནང་སྐབས་རྒྱ་ནག་གིས་དམག་དོན་ཐོག་ནས་རྒྱ་བསྐྱེད་རིང་ལུགས་ཀྱི་ལས་དོན་སྤེལ་ཐབས་བྱེད་བཞིན་པ་དེར་ཁ་གཏད་གདོང་ལེན་ག་ཚོད་བྱས་ཡོང་བསམ་ནས་རྒྱལ་ཁབ་མང་པོས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་འདུག ད་རེས་གོང་ཞུས་རྒྱལ་ཁབ་བཞིའི་དབར་གྲོས་མཐུན་གསར་པ་ཞིག་བཞག་གནང་བ་དེས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལ་རྒྱ་མཚོའི་བདག་དབང་སྐོར་གོ་རྟོགས་རྒྱ་ཆེ་རུ་སྤེལ་རྒྱུའི་མོས་མཐུན་བྱུང་བ་དང་ཚོགས་མིའི་རྒྱལ་ཁབ་ཁག་གིས་མི་བཟོས་སྲུང་སྐར་དང་། བརྡ་འཕྲིན་གཞན་ཁག་Quadཚོགས་མིའི་རྒྱལ་ཁབ་ཕན་ཚུན་དང་། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་ཁག་ནས་རྒྱ་གར་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་ཁག་དབར་མཉམ་སྤྱོད་བྱ་རྒྱུའི་གྲོས་མཐུན་བྱུང་སྐོར་ཨ་རིའི་སྲིད་འཛིན་བྷེ་ཡ་གྲན་མཆོག་གི་འཛིན་སྐྱོང་དཔོན་རིགས་མཐོ་གྲས་ཤིག་གིས་གསར་འགོད་པ་ཚོར་གསུངས་འདུག ཡང་དཔོན་རིགས་གཞན་ཞིག་གིས་རྒྱ་གར་གྱི་རྒྱ་མཚོ་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གིས་རང་གི་རྒྱ་མཚོའི་ནང་ཁྲིམས་འགལ་གྱིས་ཉ་འཛིན་རྒྱུ་སོགས་ཀྱི་བྱ་སྤྱོད་སྤེལ་གྱི་ཡོད་མིན་ལ་རྟོག་ཞིབ་ཆེད་མཐུན་འགྱུར་རོགས་རམ་གནང་བཞིན་ཡོད་ལུགས་ཀྱང་གསུངས་འདུག

གཞན་ཡང་རྒྱལ་སྤྱིའི་གསར་ལམ་ཁག་ནང་འཛམ་གླིང་གང་སར་དམག་འཁྲུག་གི་ཟིང་ཆ་ཆེ་རུ་སོང་བ་དང་མི་རིགས་རིང་ལུགས་རྒྱ་ཁྱབ་ཏུ་སྤེལ་བ། ཕྱི་འབྲེལ་གྱི་ལས་དོན་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར་འདི་ཚེས༢༢་ནས་བཟུང་འཛམ་གླིང་གི་དབུ་ཁྲིད་རྣམས་ཨ་རིའི་ཉིག་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་སུ་ལོ་འཁོར་ཚོགས་འདུ་འཚོག་རྒྱུ་ཡིན་འདུག

Gaza ས་ཁུལ་གྱི་དམག་འཁྲུག་གིས་དཀྱིལ་ཤར་ཡུལ་གྱི་གནས་སྟངས་ཛ་དྲག་ཏུ་སོང་བ་དང་། Sudanརྒྱལ་ཁབ་ཀྱི་ནང་དམག་འཁྲུག་ལས་མི་མང་ལྟོགས་སྐོམ་གྱིས་མནར་བཞིན་པ། དེ་བཞིན་ཡུ་ཁུ་རེན་གྱི་ཛ་དྲག་གི་འཐབ་འཁྲུག་གི་གནད་དོན་སོགས་ནི། ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་དབུ་ཁྲིད་རྣམས་ཀྱི་གྲོས་མོལ་ཁྲོད་དུ་དཀའ་ཁག་ཆེ་ཤོས་ཀྱི་གླེང་གཞི་ཞིག་ཏུ་གྱུར་ཡོད་པ་རེད།

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎