ར་ཤི་ཡའི་སྲིད་བློན་རྒྱ་ནག་ཏུ་འཚམས་འདྲི།

ར་ཤི་ཡའི་སྲིད་བློན་རྒྱ་ནག་གི་འཚམས་འདྲི་དེའི་ཐོག་རྡོ་སྣུམ་ཚོང་འབྲེལ་ཐོག་དོན་འབྲས་སོན་པའི་གྲུབ་འབྲས་གང་ཡང་བྱུང་མེད་པ་རེད།

2011.10.12

༄༅༎ར་ཤི་ཡའི་སྲིད་བློན་ལྦ་ལ་རྡི་མིར་པུ་ཀྲིན་ད་རེས་རྒྱ་ནག་གི་འཚམས་འདྲི་དེ་ནི། ཡུལ་གྲུ་གཉིས་བར་ལ་རྡོ་སྣུམ་ཚོང་འབྲེལ་ཐོག་དོན་འབྲས་སོན་པའི་གྲུབ་འབྲས་གང་ཡང་མ་བྱུང་བར་དེ་རིང་རེས་གཟའ་ལྷག་པའི་ཉིན་ར་ཤི་ཡ་དུ་ཕྱིར་ལོག་གནང་ཡོད་པ་རེད།
དེ་ཡང་སྲིད་བློན་ལྦ་ལ་རྡི་མིར་པུ་ཀྲིན་ཡིས་ཁོང་སླར་ཡང་ར་ཤི་ཡའི་སྲིད་འཛིན་འོས་མིའི་ནང་བཞེངས་རྒྱུའི་གསལ་བསྒྲགས་གནང་བའི་རྗེས། ད་རེས་ཁོང་རྒྱ་ནག་ཏུ་ཕྱི་འབྲེལ་གྱི་ཐོག་ནས་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་ཡིན་ཞིང༌། ཁོང་གིས་རྒྱ་ནག་ཏུ་འཚམས་འདྲི་གནང་བའི་རིང་རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་དང་སྲིད་འཛིན་ཧུ་ཇིན་ཐའོ་དང་གོ་བསྡུར་གནང་ཡོད་པ་རེད།
ར་ཤི་ཡ་ནི་འཛམ་གླིང་ནང་ནས་གློག་གི་ནུས་ཤུགས་ཐོན་སྐྱེད་མང་ཤོས་བྱེད་མཁན་ཞིག་ཡིན་ཞིང། ཁོང་གིས་ད་རེས་གསུང་པར་གཞིགས་ན། ར་ཤི་ཡས་རྒྱ་ནག་ལ་རྡོ་སྣུམ་ཚོང་བསྒྱུར་བྱ་རྒྱུའི་གནད་དོན་ཡར་རྒྱས་ཕྱིན་ཏེ་གྲོས་མོལ་ཐོག་ས་རྟགས་བཀོད་དེ་མི་ལོ་སུམ་ཅུ་འགྲོ་གི་ཡོད་ཀྱང་རྡོ་སྣུམ་གྱི་རིན་གོང་ཐོག་ལ་ཕྱོགས་གཉིས་པོ་མི་མཐུན་པར་གནས་ཡོད་པའི་སྐོར་གསུང་ཡོད་པ་དང་ འོན་ཀྱང་པུ་ཀྲིན་གྱིས་རེས་གཟའ་མིག་དམར་ཉིན་གྱི་གྲོས་མཐུན་དེའི་ཐོག་ནས་ར་ཤི་ཡའི་ཕྱོགས་ནས་རྒྱ་ནག་གི་ཁྲོམ་རའི་ནང་རྡོ་སྣུམ་མཁོ་འདོན་བྱ་རྒྱུའི་ལས་དོན་མཐའ་མའི་ཐག་གཅོད་བྱ་རྒྱུའི་མཚམས་ལ་སླེབས་ཡོད་པའི་སྐོར་གསར་འགོད་པ་གསུང་ཡོད་པ་དང༌། དེ་བཞིན་དེ་རིང་ར་ཤི་ཡའི་སྲིད་བློན་གཞོན་པ་ཨི་གོར་སེ་ཆིན་གྱིས་ཀྱང་ར་ཤི་ཡས་རྒྱ་ནག་ལ་རྡོ་སྣུམ་མཁོ་འདོན་བྱ་རྒྱུའི་གྲོས་མཐུན་ཡོང་རྒྱུར་འགག་རྩའི་ཐོག་ཏུ་གནས་ཡོད་པའི་སྐོར་གསུང་ཡོད་ཀྱང་ད་རེས་པུ་ཀྲིན་རྒྱ་ནག་ཏུ་ཕེབས་ཏེ་འཚམས་འདྲི་དེའི་རིང་ལ་རྒྱལ་ཁབ་གཉིས་པོ་རྡོ་སྣུམ་ཚོང་འབྲེལ་ཐད་ཐག་གཅོད་ཐུབ་པ་ཞིག་བྱུང་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎