བོད་ཤིན་ཅང་སོག་པོ་བཅས་ཀྱི་གནས་སྟངས་སྐྱོ་ཤོས་ཡིན་སྐོར།

རྒྱ་ནག་གི་ས་ཁྲའི་ནང་བཀོད་པའི་ནུབ་ངོས་དབུལ་པོའི་ས་ཁུལ་དེ་དག་ཡར་རྒྱས་འཛུགས་བསྐྲུན་བྱ་རྒྱུའི་ལས་འགུལ་ཞིག་བརྩམས་འགོ་ཚུགས།

2010.06.29

༄༅༎རྒྱ་ནག་གཞུང་གིས་ལོ་བཅུ་ཙམ་སྔོན་ནུབ་ཕྱོགས་གསར་སྤེལ་ཆེན་མོ་ཟེར་བ་བོད་དང་ཤིན་ཅང་ལ་སོགས་པ་ད་ལྟའི་རྒྱ་ནག་གི་ས་ཁྲའི་ན་བཀོད་པའི་ནུབ་ངོས་དབུལ་པོའི་ས་ཁུལ་དེ་དག་ཡར་རྒྱས་འཛུགས་བསྐྲུན་བྱ་རྒྱུའི་ལས་འགུལ་ཞིག་བརྩམས་འགོ་ཚུགས་ཤིང་ དེའི་དམིགས་ཡུལ་གཙོ་བོ་ནི་ འབྱོར་པ་ཆེ་བའི་རྒྱ་ནག་ཤར་ཕྱོགས་དང་དབུལ་ཞིང་ཕོངས་ལ་རྒྱ་ནག་གཞུང་གི་དབང་འཛིན་ལ་ངོ་རྒོལ་བསྟུད་མར་བྱུང་ཡུལ་བོད་དང་ཤིན་ཅང་ལྟ་བུའི་ས་ཁུལ་དབར་གྱི་དཔལ་འབྱོར་འཁོད་སྙོམས་མེད་པའི་བར་ཁྱད་ཆུང་དུ་གཏོང་ཐབས་བྱ་རྒྱུ་དེ་ཡིན་པ་རྒྱ་ནག་གཞུང་གིས་བརྗོད་ཡོད་པ་རེད།

འོན་ཀྱང་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཇི་ཙམ་ཕྱིན་ཡོད་ཀྱང་ ནུབ་ངོས་ས་ཁུལ་དེ་དག་ད་དུང་ཡང་རྗེས་ལུས་ཅན་དེ་མུར་ལྷག་ཡོད་པ་བརྗོད་བཞིན་ཡོད་ཅིང་ རྒྱ་ནག་གཞུང་གིས་གྲུབ་ཐོའི་ནང་ནུབ་ཕྱོགས་གསར་སྤེལ་གྱི་ལས་འགུལ་དེའི་ཐོག་ནས་ མོ་ཊའི་འགྲོ་ལམ་གསར་བཟོ་དང་འབྲོག་པ་གནས་སྤོ་བྱ་ཡུལ་ དེང་དུས་གྲོང་སྡེ་ཟེར་བ་གསར་རྒྱག་དང་མི་ས་ཡ་མང་པོར་གློག་དང་ཐུང་ཆུ་མཁོ་སྤྲོད་བྱེད་ཐུབ་པ་ ལྷག་པར་དུ་བོད་ཀྱི་ས་མཐོར་རི་ལིའི་ལྕགས་ལམ་གསར་རྒྱག་བྱས་པ་སོགས་ཡར་རྒྱས་འཛུགས་བསྐྲུན་བྱས་ལུགས་བརྗོད་དེ་ ལས་འགུལ་དེ་ལམ་ལྷོངས་ཅན་ཞིག་ཡིན་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པར་མ་ཟད་ ནུབ་ཕྱོགས་ས་ཁུལ་དེ་དག་གི་ལོ་རེའི་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་༡༢ཙམ་ཡིན་ལུགས་བརྗོད་བཞིན་ཡོད་པ་རེད།

དོན་དངོས་ཐོག་གནད་དོན་དབྱེ་ཞིབ་པ་ཚོས་ནང་སོག་ནས་ཤིན་ཅང་དང་བོད་བཅས་པ་ད་ལྟ་ཡང་རྒྱ་ནག་ཁྱོན་ཡོངས་ནས་ དཔལ་འབྱོར་སྐྱོ་ཤོས་ འཛུགས་བསྐྲུན་སྐྱོ་ཤོས་ ཤེས་ཡོན་སྐྱོ་ཤོས་སུ་གནས་ཡོད་པ་འགྲེལ་བརྗོད་བྱེད་བཞིན་ཡོད་ལ་ ས་ཁུལ་དེ་དག་ནང་གི་གཞི་རྒྱ་ཆེ་བའི་འཛུགས་བསྐྲུན་གྱི་ཁེ་ཕན་གཙོ་བོ་ རྒྱ་ནག་གཞུང་གིས་དབང་བའི་ མོ་ཊའི་འགྲོ་ལམ་དང་རི་ལིའི་ལྕགས་ལམ་བཟོ་མཁན་གྱི་ཁེ་གཉེར་ལས་ཁང་དེ་དག་ལ་ཐོབ་ཡོད་པ་བརྗོད་བཞིན་ཡོད་པ་རེད།  ནུབ་ཕྱོགས་ཀྱི་ས་ཁུལ་དེ་དག་ནང་ ས་ཁུལ་དེ་གའི་མི་རིགས་ཀྱི་བདག་གཉེར་འཛིན་སྐྱོང་བྱེད་པའི་བཟོ་གྲྭ་ཆེས་ཉུང་ངུ་ཡིན་པ་དང་ ཕྱི་ཕྱོགས་ནས་མ་རྩ་འཛུག་མཁན་ཧ་ལམ་མེད་པ་ལྟ་བུ་ཡིན་ཞིང་ དེའི་ཁར་ད་དུང་ནུབ་ཕྱོགས་གསར་སྤེལ་ཟེར་བ་ལས་འགུལ་དེའི་རྐྱེན་གྱིས་མི་འབུམ་ཕྲག་མང་པོ་སོ་སོའི་སྡོད་ཁང་ནས་དོན་དགོས་པ་ཆགས་པ་དང་ འབྲོག་པ་ཚོ་གྲོང་གྱི་ནང་གནས་སྤོ་བྱེད་དུ་བཅུག་སྟེ་ ཁོང་ཚོའི་འཚོ་བའི་མདུན་ལམ་ཡོངས་སུ་མེད་པ་བཟོས་ཡོད་པ་ཡིན་ལུགས་གནད་དོན་ཞིབ་འཇུག་པ་ཚོས་བརྗོད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎