ཐའེ་ལྦན་དུ་བོད་མི་ཡིན་ཁུལ་གྱིས་ལག་ཁྱེར་རག་ཐབས་བྱས་པ།

བོད་མི་ཡིན་ཚུལ་གྱི་མིང་ཐོག་ནས་མི་གྲངས་སུམ་ཅུ་ཙམ་གྱིས་ཐའེ་ལྦན་ནང་གཏན་སྡོད་ཆོག་པའི་ཁྲིམས་མཐུན་གྱི་ལག་འཁྱེར་རག་ཐབས་བྱས་པ།

2009.12.17

༄༅༎ཐའེ་ལྦན་གྱི་རྒྱལ་ས་ཏཨི་པི་རུ་བོད་མི་ཡིན་ཚུལ་གྱི་མིང་ཐོག་ནས་མི་གྲངས་སུམ་ཅུ་ཙམ་གྱིས་ཐའེ་ལྦན་ནང་གཏན་སྡོད་ཆོག་པའི་ཁྲིམས་མཐུན་གྱི་ལག་འཁྱེར་རག་ཐབས་ཆེད་ཐེ་ལྦན་བོད་སོག་ལས་ཁུངས་ཀྱི་ཕྱི་ལ་ཚོུད་ལྔ་བཅུའི་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འགོ་འཛུགས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་༎

ཐའེ་ལྦན་བོད་སོག་ལས་ཁུངས་ཀྱི་མགྲིན་ཚབ་པ་ཁྲིཡེན་ཧྲི་ཡིན་གྱིས་བརྗོད་ན་སྐྱབས་བཅོལ་བོད་མི་ཡིན་པའི་ངོ་སྤྲོད་ར་སྤྲོད་ཐུབ་ཚེ་ཁྲིམས་ཐོག་ནས་ཐའེ་ལྦན་ནང་བོད་མི་གཏན་སྡོད་ཆོག་གི་ཡོད་པ་རེད་ ཡིན་ཡང་ད་རེས་ཟས་བཅད་ངོ་རྒོལ་ནང་ཞུགས་པའི་མི་གྲངས་སུམ་ཅུ་དེ་དག་བོད་མི་སྐྱབས་བྱོལ་བ་ངོ་མ་ཡིན་མིན་སྐོར་ཐེ་ཚོམས་ཡོད་པ་མ་ཟད་ཁོང་རྣམས་རྒྱ་གར་བ་དང་ཡང་ན་བལ་པོའི་མི་རིགས་ཡིན་པ་ལས་བོད་དང་ཐད་ཀར་འབྲེལ་བ་ཡོད་པ་གང་ཡང་མཐོང་རྒྱུ་མེད་སྐོར་ཕེརན་སི་གསར་འགྱུར་ལས་ཁང་ལ་གསལ་འདོན་བྱས་བཞག བོད་སོག་ལས་ཁུངས་ཀྱི་མགྲིན་ཚབ་པ་དེས་མུ་མཐུད་བརྗོད་ན་ བོད་རིགས་ཡིན་ཚུལ་ཐོག་ནས་ཐའེ་ལྦན་ནང་གཏན་སྡོད་ལག་ཁྱེར་ཞུ་མཁན་དེ་ཚོའི་ཁོངས་ནས་ཁ་ཤས་ཀྱིས་བོད་དང་ཏཱ་ལའི་བླ་མའི་སྐོར་གནས་ཚུལ་སྤུ་ཙམ་ཤེས་རྟོགས་མིན་འདུག་ལ་རྒྱུ་མཚན་དེ་ཚོའི་ཐོག་ནས་ང་ཚོས་ཁོ་ཚོ་བོད་མི་ཡིན་པར་ཡིད་ཆེས་ཡོང་གི་མིན་འདུག་ཅེས་དང་ཁྲིམས་ཐོག་ནས་ཁོ་ཚོ་ཐའེ་ལྦན་ནང་ཁྲིམས་འགལ་གྱི་འཛུལ་ཞུགས་བྱས་པར་ངོས་འཛིན་ཡོད་པར་སོང་ ཁོང་རྣམས་རིན་པས་ཐའེ་ལྦན་ནས་ཕྱིར་འབུད་བྱེད་སྲིད་པའི་སྐོར་ཡང་གསལ་འདོན་བྱས་བཞག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎