ངོ་རྒོལ་བ་ཧོང་ཀོང་གི་གྲོས་ཚོགས་ཁང་ནང་འཛུལ་ཐབས་བྱས་འདུག


2014.11.19
ཧོང་ཀོང་ནང་ཉེན་རྟོག་པ་དང་གདོང་ཐུག་སྐབས། ༢༠༡༤།༡༡།༡༩ ཧོང་ཀོང་ནང་ཉེན་རྟོག་པ་དང་གདོང་ཐུག་སྐབས། ༢༠༡༤།༡༡།༡༩
AFP

དམངས་གཙོའི་ལས་འགུལ་བ་ཧོང་ཀོང་ས་གནས་ཀྱི་གྲོས་ཚོཊ་ནང་འཛུལ་ཐབས་བྱས་སྐབས་ཉེན་རྟོག་པ་དང་གདོང་ཐུག་འཁྲུག་འཛིང་ཤོར་འདུག     
དེ་ཡང་ཧོང་ཀོང་མི་མང་ལ་དམངས་གཙོའི་ཐོབ་ཐང་ཆ་ཚང་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་བ་གདོང་ལ་འབག་གྱོན་མཁན་མི་གྲངས་བཅུ་གྲངས་ཙམ་གྱིས དེ་རིང་གཟའ་ལྷག་པའི་སྔ་དྲོར་ཧོང་ཀོང་གི་གྲོས་ཚོགས་ཀྱི་ཁང་པའི་ཤེལ་སྒོ་གཏོར་ནས་ནང་ལ་འཛུལ་ཐབས་བྱེད་སྐབས་ཉེན་རྟོག་པ་དང་གདོང་ཐུག་འཁྲུག་འཛིང་ཤོར་འདུག ཉེན་རྟོག་པ་བརྒྱ་ཙམ་གྱིས་རང་ཉིད་སྲུང་སྐྱོབ་ཆེད་ལྕགས་ཞྭ་གྱོན་པ་དང་། ད་རེས་ཧོང་ཀོང་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་མཚོན་པའི་ཉི་གདུགས་སེར་པོ་འཕྱར་མཁན་ཧོང་ཀོང་གི་སློབ་ཕྲུག་གཙོས་པའི་མི་མང་བརྒྱ་ཕྲག་མང་པོར་ཉེན་རྟོག་པས་སི་པན་གཏོར་བྱེད་དང་། ལྕགས་རྒྱུགས་སོགས་བེད་སྤྱོད་བཏང་སྟེ་གདོང་ལེན་བྱེད་སྐབས་གདོང་ཐུག་འཁྲུག་འཛིང་ཤོར་འདུག སྐབས་དེར་ཉེན་རྟོག་པ་གསུམ་ལ་རྨས་སྐྱོན་ཕོག་པ་དང་ངོ་རྒོལ་བྱེད་མི་དྲུག་འཛིན་བཟུང་བྱས་ལུགས་ཉེན་རྟོག་པས་བརྗོད་འདུག མ་མཐར་ཡང་ངོ་རྒོལ་བ་གཅིག་ཧོང་ཀོང་ས་གནས་ཀྱི་གྲོས་ཚོགས་ཁང་ནང་འཛུལ་ཞུགས་ཐུབ་སྐོར་དེ་རིང་Apple Dailyཞེས་པའི་ཧོང་ཀོང་ས་གནས་ཀྱི་ཚགས་པར་གྱིས་གནས་ཚུལ་སྤེལ་འདུག གོང་ཞུས་གནས་ཚུལ་དེ་བྱུང་བའི་རྐྱེན་གྱིས་དེ་རིང་ཧོང་ཀོང་ས་གནས་ཀྱི་དུས་རྒྱུན་གྱི་གྲོས་ཚོགས་ཚོགས་འདུ་ཁག་ཕྱིར་བསྡུ་བྱས་པ་དང་། གྲོས་ཚོགས་ནང་ལྟ་སྐོར་འགྲོ་མཁན་ཚོ་ཡང་འགྲོ་བསྐྱོད་མི་ཆོག་པའི་བཀག་འགོག་བྱས་ཡོད་འདུག    

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎