འབར་མའི་ནང་ངོ་རྒོལ་གྱི་ལས་འགུལ།

འབར་མའི་དགེ་འདུན་པ་སྟོང་ཕྲག་འགའ་ཤས་འབར་མའི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པའི་ནང་འདུ་འཛོམས་ཀྱིས། ཁ་ཆེའི་མི་རིགས་ལ་འཛམ་གླིང་ཁ་ཆེའི་ཚོགས་པས་རོགས་རམ་བྱ་རྒྱུར་ངོ་རྒོལ་གནང་འདུག

2012.10.12

༄༅།    །དེ་རིང་རེས་གཟའ་པ་སངས་ཉིན་འབར་མའི་དགེ་འདུན་པ་སྟོང་ཕྲག་འགའ་ཤས་འབར་མའི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པའི་ནང་འདུ་འཛོམས་ཀྱིས། འབར་མའི་མངའ་སྡེ་Rakhine ནང་དུ་གནས་སྡོད་བྱེད་མཁན་Rohingya ཁ་ཆེའི་མི་རིགས་ལ་འཛམ་གླིང་ཁ་ཆེའི་ཚོགས་པས་རོགས་རམ་བྱ་རྒྱུའི་འཆར་གཞིར་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་རེད།
བར་ལམ་འབར་མའི་མངའ་སྡེ་Rakhine ནང་དུ་གནས་སྡོད་བྱེད་མཁན་Rohingya ཁ་ཆེའི་མི་རིགས་ཤིག་གིས་ནང་པའི་བེུད་ཞིག་ལ་བཙན་གཡེམ་བྱས་ཏེ་འབར་མའི་ནང་པ་དང་ཁ་ཆེའི་མི་རིགས་གཉིས་དབར་ལ་འཁྲུགས་རྩོད་ཀྱི་དོན་རྐྱེན་ཛ་དྲག་པོ་བྱུང་སྟེ། མི་གསོད་རེས་དང་དགོན་པ་གཏོར་སྐྱོན་གཏོང་རེས་བྱས་པའི་སྐབས་Rohingya ཁ་ཆེའི་མི་རིགས་དེ་རྣམས་ཀྱི་རིགས་བརྒྱུད་Bengalis མི་རིགས་ཡིན་པར་སོང་།    སྐབས་དེའི་འཁྲུགས་རྩོད་ཀྱི ཉེན་ཁ་ལས་གཡོལ་ཐབས་ཀྱིས་Bangladesh ནང་བྲོས་བྱོལ་དུ་ཕྱིན་ཀྱང་Bangladesh གཞུང་གིས་ཁོང་ཚོའི་མི་ཁོངས་ཡིན་པའི་ངོས་ལེན་མ་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་འཛམ་གླིང་གི་ཁ་ཆེའི་ཚོགས་མི་༥༧ ལས་གྲུབ་པའི་རྒྱལ་སྤྱིའི་ཁ་ཆེའི་ལྷན་ཚོགས་ཀྱིས་འབར་མའི་ནང་གི་ཁ་ཆེའི་མི་རིགས་དེ་དག་ལ་རོགས་རམ་བྱ་རྒྱུའི་ཆེད་དུ་འབར་མའི་ནང་རྒྱལ་སྤྱིའི་ཁ་ཆེའི་ལྷན་ཚོགས་ཀྱི་ཡན་ལག་ལས་ཁུངས་ཤིག་གསར་འཛུགས་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། དེར་བརྟེན་འབར་མའི་དགེ་འདུན་པ་ཚོས་དེ་རིང་གྲོང་ཁྱེར་གྱི་སྲང་ལམ་ཐོག་ངོ་རྒོལ་ལས་འགུལ་སྤེལ་ཏེ། ལག་ཏུ་རྒྱལ་སྤྱིའི་ཁ་ཆེའི་ལྷན་ཚོགས་འབར་མའི་ནང་བཙུགས་ཆོག་གི་མ་རེད་ཅེས་བྲིས་པའི་འཕྲད་དར་འཁྱེར་བ་དང༌། འབར་མའི་གཞུང་གིས་རྒྱལ་སྤྱིའི་ཁ་ཆེའི་ལྷན་ཚོགས་ཀྱི་ཡན་ལག་ལས་ཁུངས་འབར་མའི་ནང་བཙུགས་རྒྱུ་བཀག་འགོག་བྱ་དགོས་པའི་སྐད་འབོད་བྱས་པ་རེད། །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎