གསེར་རྟ་རྫོང་ནས་བོད་དོན་སྐད་འབོད་དང་ཡིག་ཆ་གཏོར་འདུག


2014.07.11
གསེར་རྟ་རྫོང་ནས་བོད་དོན་སྐད་འབོད་དང་ཡིག་ཆ་གཏོར་མཁན་ཤེལ་སྐྱབས་ཀྱི་ཉེ་པར་ཞིག གསེར་རྟ་རྫོང་ནས་བོད་དོན་སྐད་འབོད་དང་ཡིག་ཆ་གཏོར་མཁན་ཤེལ་སྐྱབས་ཀྱི་ཉེ་པར་ཞིག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

ཤེར་སྐྱབས་ཀྱིས་གསེར་རྟ་རྫོང་ནས་བོད་དོན་སྐད་འབོད་དང་ཡིག་ཆ་གཏོར་རྗེས་རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཟླ་བ་འདིའི་ཚེས་༩ཉིན་གྱི་ཉིན་གུང་དུས་ཚོད་༡༢ཙམ་ལ་ད་ལྟའི་ཟི་ཁྲོན་ཞིང་ཆེན་ཁོངས་ཀྱི་དཀར་མཛེས་ཁུལ་གསེར་རྟ་རྫོང་གི་ཁྲོམ་གཞུང་གསེར་རྟའི་ཐང་ཆེན་དུ། དགེ་འདུན་པ་ཤེར་སྐྱབས་ལགས་ཀྱིས་༧གོང་ས་སྐྱབས་མགོན་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས། བོད་ལ་རང་དབང་དགོས་ཞེས་ཁོང་གཅིག་པུས་བོད་དོན་སྐད་འབོད་བྱེད་ཞོར་ཁྲོམ་གཞུང་དུ་ཡིག་ཆ་མང་པོ་གཏོར་ཡོད་པ་དང་། ས་གནས་བོད་མི་ཞིག་གིས་བརྗོད་དོན། དུས་ཡུན་སྐར་མ་ལྔ་དྲུག་ཙམ་གྱི་རྗེས་སུ་ས་གནས་རྒྱ་ནག་གི་ཉེན་རྟོག་པ་མང་པོ་འབྱོར་ནས་ཁོང་འཛིན་བཟུང་བྱས་ཏེ་གསེར་རྟ་རྫོང་གི་ཉེན་རྟོག་ལས་ཁུངས་སུ་ཁྲིད་ཡོད་པ་དང་། དེའི་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་མི་ཐུབ་གྱི་མེད་པ་མ་ཟད་། ད་ལྟ་གསེར་རྟ་རྫོང་གི་དྲ་ལམ་བཀག་སྡོམ་བྱས་ཡོད་པ་བརྗོད་ཡོད།
གོང་གི་ཤེར་སྐྱབས་ལགས་ནི་ད་ལྟ་རང་ལོ་༢༠ཙམ་ཡིན་པ་གསེར་རྟ་གནུབ་ཟུར་དགོན་པའི་དགེ་འདུན་པ་ཞིག་ཡིན་པ་དང་། དེང་སྐབས་གསེར་རྟ་ལྔ་རིག་སློབ་གླིང་ན་སློབ་གཉེར་གནང་བཞིན་ཡོད་ལ་ཁོང་གི་ཨ་ཕའི་མིང་སྐྱ་རིས་ཞེས་འབོད་ཀྱིན་ཡོད་འདུག
གནུབ་ཟུར་དགོན་པ་ནི་གསེར་རྟ་རྫོང་དང་རྒྱང་ཐག་སྤྱི་ལེ་ཉི་ཤུ་ལྷག་གི་ས་ནས་ཡོད་པ་དང་། དགོན་པ་དེར་སྤྱིར་བཏང་དགེ་འདུན་པ་ལྔ་བརྒྱ་ཙམ་ཡོད་ནའང་དེང་སྐབས་ས་ཁུལ་གཞན་པར་སློབ་གཉེར་ལ་ཕྱིན་ནས། ནམ་རྒྱུན་དགོན་པའི་ནང་གཏན་སྡོད་དགེ་འདུན་པ་༡༠༠མ་ཟིན་ཙམ་མ་གཏོགས་མེད་པ་གནས་ཚུལ་ཡོངས་ཁུངས་ནས་གསུང་ཡོད།

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎